དེ་རིང༌།

ནམ་མཁའ་གཡའ་དྭངས་པའི་མེ་ལོང་ཅིག་མིན་ཡང

གཟུགས་བརྙན་རབ་རིབ་ཅིག་མིག་གི་མདུན་ལྗོངས་སུ་ཤར་བྱུང

ལག་པ་གཉིས་འཕུར་ཐབས་བྲལ་བའི་གཟེབ་ནང་གི་བྱེའུ་ཞིག་དང་འདྲ་བར

ཐོད་པའི་ངོས་སུ་བྲིས་པའི་རི་མོ་དེ་ཡང་ཉི་མས་འཚིག་གིན་འདུག

ངས་གཞས་ཤིག་གྱེར་དགོས་པ་ཡིན་ནམ་སྙན་ངག་འབྲི་དགོས་པ་རེད

ཕ་ཡུལ་གྱི་སྐར་མ་ལུག་ཁྱུ་ཞིག་དང་འདྲ་བར་རི་ངོས་སུ་འཐོར་སོང

འོན་ཀྱང་ཁྱོད་ཀྱི་ཀི་སྒྲ་ལ་ཉན་མཁན་སྤྱང་ཀི་ཁོ་ན་ལས་སུ་ཞིག

      

ཤོག་ལྷེ་འགའ་འདི་ལྟར་རླུང་གིས་ཁུར་སོང

ཤོག་ལྷེ་འགའ་འདི་ལྟར་མེ་ཡིས་ཚིག་སོང

རི་ལུང་གི་བྲག་ཅ་ནི་ད་ལྟ་མཛེར་སྒྲ་ལས་ཅི་ཞིག

ཁྱོད་ཀྱིས་སྨྱུག་གུ་ཞིག་བཟུང་ནས་སླར་ཡང་ཤོག་བུའི་ཐང་ཆེན་དུ་འགྲོ་བ

བུ་མོ་ཞིག་ལ་བརྩེ་དུངས་འཆད་འདོད་ཡིན་ནམ

ཡང་ན་དེ་རིང་གི་དུས་ཚོད་འདི་ལོངས་སུ་སྤྱོད་ཕྱིར་ཡིན

                       ༢༠༠༩//༢༦

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་རིང༌།

2010-04-29 དུག་ཞགས། ཀློག་གྲངས། མཆན ཡོད།

ནམ་མཁའ་གཡའ་དྭངས་པའི་མེ་ལོང་ཅིག་མིན་ཡང

གཟུགས་བརྙན་རབ་རིབ་ཅིག་མིག་གི་མདུན་ལྗོངས་སུ་ཤར་བྱུང

ལག་པ་གཉིས་འཕུར་ཐབས་བྲལ་བའི་གཟེབ་ནང་གི་བྱེའུ་ཞིག་དང་འདྲ་བར

ཐོད་པའི་ངོས་སུ་བྲིས་པའི་རི་མོ་དེ་ཡང་ཉི་མས་འཚིག་གིན་འདུག

ངས་གཞས་ཤིག་གྱེར་དགོས་པ་ཡིན་ནམ་སྙན་ངག་འབྲི་དགོས་པ་རེད

ཕ་ཡུལ་གྱི་སྐར་མ་ལུག་ཁྱུ་ཞིག་དང་འདྲ་བར་རི་ངོས་སུ་འཐོར་སོང

འོན་ཀྱང་ཁྱོད་ཀྱི་ཀི་སྒྲ་ལ་ཉན་མཁན་སྤྱང་ཀི་ཁོ་ན་ལས་སུ་ཞིག

      

ཤོག་ལྷེ་འགའ་འདི་ལྟར་རླུང་གིས་ཁུར་སོང

ཤོག་ལྷེ་འགའ་འདི་ལྟར་མེ་ཡིས་ཚིག་སོང

རི་ལུང་གི་བྲག་ཅ་ནི་ད་ལྟ་མཛེར་སྒྲ་ལས་ཅི་ཞིག

ཁྱོད་ཀྱིས་སྨྱུག་གུ་ཞིག་བཟུང་ནས་སླར་ཡང་ཤོག་བུའི་ཐང་ཆེན་དུ་འགྲོ་བ

བུ་མོ་ཞིག་ལ་བརྩེ་དུངས་འཆད་འདོད་ཡིན་ནམ

ཡང་ན་དེ་རིང་གི་དུས་ཚོད་འདི་ལོངས་སུ་སྤྱོད་ཕྱིར་ཡིན

                       ༢༠༠༩//༢༦

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།