བརྒྱུད་སྤྲོད།

ཞོ་འོང་ཀླུ་རྒྱལ་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-29

སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལས་མཚོ་བྱང་རྡུལ་ཕྲན་གྲོང་ཁྱེར་གྱི་བྱིས་པ་ཚོ་མཐོང་རྗེས། 

 

སྟར་ནག་གིས་བྲང་ཁོག་གཤགས་པ་ལྟ་བུའི་མཐོ་སྒང་འདིར

ངའི་སྙིང་རྗེ་བའི་བྱིས་པ་ཚོའི་ངུ་སྐད་དང་དགོད་སྒྲ་སིམ་ཡོད་ངེས

ཡལ་ཟིན་པའི་ལྡིར་སྒྲ

མ་རེད    ད་དུང་ཡལ་མ་ཟིན་ལ       

མི་མངོན་པར་གྲགས་ཀྱིན་པའི་ལྡིར་སྒྲ་དྲག་པོ་འདིའི་ཁྲོད་ན

ལང་ཚོའི་གཉོམ་ལག་རྒྱས་ཀྱིན་པའི་ངའི་སྙིང་རྗེ་བའི་བྱིས་པ་ཚོ

དེ་རིང     ཨ་ཁུ་དང་ཨ་ནེ་ཚོས་ཁྱེད་ཚོ་ལ་སྤྲད་པ་ནི

ངུ་མ་དགོད་ཀྱི་མིག་ཆུ་ཕོར་བ་གང་བོ་འདི་ཡིན་པར་འཁང་ར་མི་བྱེད་རོགས

འདི་ནི་ང་ཚོའི་བཟོད་བསྲན་གྱི་མིག་ཆུ་ཡིན

ཁྱོད་ཚོ་ཨ་ཁུ་དང་ཨ་ནེར་གྱུར་བའི་ཉིན་མོར

ཕོར་བ་འདི་ཇེ་ཆེ་དང

མིག་ཆུ་འདི་ཇེ་མང་ལ་མི་གཏོང་རོགས

སྙིང་རྗེ་བའི་ངའི་བྱིས་པ་ཚོ

 

སྤྱི་ལོའི་ཟླ་ཚེས་ལ།

༢༠༠༩    ༡༢ 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྒྱུད་སྤྲོད།

2010-04-29 ཞོ་འོང་ཀླུ་རྒྱལ་དོན་གྲུབ། ཀློག་གྲངས། མཆན ཡོད།

སྐབས་བཞི་བའི་སྙན་ངག་འདུ་ཚོགས་ལས་མཚོ་བྱང་རྡུལ་ཕྲན་གྲོང་ཁྱེར་གྱི་བྱིས་པ་ཚོ་མཐོང་རྗེས། 

 

སྟར་ནག་གིས་བྲང་ཁོག་གཤགས་པ་ལྟ་བུའི་མཐོ་སྒང་འདིར

ངའི་སྙིང་རྗེ་བའི་བྱིས་པ་ཚོའི་ངུ་སྐད་དང་དགོད་སྒྲ་སིམ་ཡོད་ངེས

ཡལ་ཟིན་པའི་ལྡིར་སྒྲ

མ་རེད    ད་དུང་ཡལ་མ་ཟིན་ལ       

མི་མངོན་པར་གྲགས་ཀྱིན་པའི་ལྡིར་སྒྲ་དྲག་པོ་འདིའི་ཁྲོད་ན

ལང་ཚོའི་གཉོམ་ལག་རྒྱས་ཀྱིན་པའི་ངའི་སྙིང་རྗེ་བའི་བྱིས་པ་ཚོ

དེ་རིང     ཨ་ཁུ་དང་ཨ་ནེ་ཚོས་ཁྱེད་ཚོ་ལ་སྤྲད་པ་ནི

ངུ་མ་དགོད་ཀྱི་མིག་ཆུ་ཕོར་བ་གང་བོ་འདི་ཡིན་པར་འཁང་ར་མི་བྱེད་རོགས

འདི་ནི་ང་ཚོའི་བཟོད་བསྲན་གྱི་མིག་ཆུ་ཡིན

ཁྱོད་ཚོ་ཨ་ཁུ་དང་ཨ་ནེར་གྱུར་བའི་ཉིན་མོར

ཕོར་བ་འདི་ཇེ་ཆེ་དང

མིག་ཆུ་འདི་ཇེ་མང་ལ་མི་གཏོང་རོགས

སྙིང་རྗེ་བའི་ངའི་བྱིས་པ་ཚོ

 

སྤྱི་ལོའི་ཟླ་ཚེས་ལ།

༢༠༠༩    ༡༢ 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།