ལྷ་སའི་ལམ་གྱི་སྐྱ་ཐིག


མར་དྲི་བྲོ་བའི་ཁྲོམ་གཟིགས་ཁང་དུ་
རྩམ་དྲི་བྲོ་བའི་ཁམས་པ་ཚོས་
གླང་ཤ་མོད་པོ་རེ་བཤམས་ནས་
དཀྲུགས་ཇ་ཡང་ཡང་འཐུང་ཞིང་
སྐབས་རེར་
འཛམ་གླིང་ཡང་ལ་དབང་བའི་སྐྱིད་སྣང་རེ་ཤར་ནས་
འཛམ་བུ་གླིང་ཟེར་

 
ཐག་རིང་ནས་ཡོང་བའི་ཨ་མདོའི་འཇལ་བ་ཚོ་
སྣ་མང་བའི་ཚོང་རྫས་ལ་ཧད་དེ་
སྐྱབས་མགོན་མཁྱེན་ཟེར་དུས་
དབུས་མོ་ཚོང་བ་ཚོས་འཛུམ་དམུལ་དང་བཅས་གདོང་བསུས་ཏེ་
གཡུ་དང་བྱུ་རུ་ཉོ་སམ་
སྤུས་ཀ་ཆེས་ལེགས་ཤོས་ཡིན་
ཇོ་བོ་རིན་པོ་ཆེ་ཟེར་
 
ཧ་ཧ་ལྷ་ས་
འདི་རུ་གནམ་འོག་གི་ཡོད་ཚད་
བཙོང་རྒྱུ་ཡོད་པ་འདྲ་
 
ཧ་ཧ་ལྷ་ས་
འདི་རུ་དད་པ་དང་བྱིན་རླངས་ཀྱང་
བཙོང་རྒྱུ་ཡོད་པ་འདྲ་
 
                         ༢༠༡༠ལོའི་ཟླ་༡ཚེས་༡༤ཉིན་ལྷ་ས་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་ལམ་གྱི་སྐྱ་ཐིག

2010-04-28 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།


མར་དྲི་བྲོ་བའི་ཁྲོམ་གཟིགས་ཁང་དུ་
རྩམ་དྲི་བྲོ་བའི་ཁམས་པ་ཚོས་
གླང་ཤ་མོད་པོ་རེ་བཤམས་ནས་
དཀྲུགས་ཇ་ཡང་ཡང་འཐུང་ཞིང་
སྐབས་རེར་
འཛམ་གླིང་ཡང་ལ་དབང་བའི་སྐྱིད་སྣང་རེ་ཤར་ནས་
འཛམ་བུ་གླིང་ཟེར་

 
ཐག་རིང་ནས་ཡོང་བའི་ཨ་མདོའི་འཇལ་བ་ཚོ་
སྣ་མང་བའི་ཚོང་རྫས་ལ་ཧད་དེ་
སྐྱབས་མགོན་མཁྱེན་ཟེར་དུས་
དབུས་མོ་ཚོང་བ་ཚོས་འཛུམ་དམུལ་དང་བཅས་གདོང་བསུས་ཏེ་
གཡུ་དང་བྱུ་རུ་ཉོ་སམ་
སྤུས་ཀ་ཆེས་ལེགས་ཤོས་ཡིན་
ཇོ་བོ་རིན་པོ་ཆེ་ཟེར་
 
ཧ་ཧ་ལྷ་ས་
འདི་རུ་གནམ་འོག་གི་ཡོད་ཚད་
བཙོང་རྒྱུ་ཡོད་པ་འདྲ་
 
ཧ་ཧ་ལྷ་ས་
འདི་རུ་དད་པ་དང་བྱིན་རླངས་ཀྱང་
བཙོང་རྒྱུ་ཡོད་པ་འདྲ་
 
                         ༢༠༡༠ལོའི་ཟླ་༡ཚེས་༡༤ཉིན་ལྷ་ས་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།