རེབ་ཀོང་གསེར་མོ་ལྗོངས།

རྡོ་དང་གཡའ་མའི་སྟེང་དུ་ཉལ་བའི་

སངས་རྒྱས་དང་སྟོང་འཁོར་

ཤིང་དང་གསོམ་པའི་སྟེང་དུ་ཟུག་པའི་

མཁས་དབང་དང་ལོ་ཙཱ་བ་རིམ་བྱོན་

རེབ་ཀོང་གསེར་མོ་ལྗོངས

 

མགར་རྩེའི་ཞོ་འོ་དང་

རྩེ་ཁོག་གི་སྐམས་ཤ་བྲིན་པའི་

ཟ་ཁང་དང་ཆང་ཁང་ཆུང་ཆུང་དང་

དེ་འཚོང་བར་བཞེངས་འདྲའི་

རེ་སྐོང་བ་ཕོ་མོའི་ཁ་འཇམ་ཚིག་ཡག་

དགེ་འདུན་ཆོས་འཕེལ་གྱི་སྙན་ཚིག་བཞིན་

སུ་ལ་བཟློགས་ཐབས་མཆིས་

 

སྲང་ལམ་དང་བཞི་མདོ་གང་མང་དུ་བརྩངས་པའི་

ས་སྐུ་དང་རྡོ་སྐུ་དག་གི་

དད་ལྡན་ཉོ་བདག་ཅིག་ལ་ཅེར་ཅེར་བའི་སྤྱན་ཟུང་

ཐང་ཆད་པའི་ཉམས་ཀྱིས་དལ་མོར་བཙུམས་མོད་

བདག་པོས་ད་རུང་དེའི་སྟེང་དུ་

ཨུ་ཚུགས་དང་རིན་གོང་གང་མང་ཞིག་སྤུངས་ནས་

ནམ་ཞིག་བར་དུ་འདི་ལྟར་

དམག་མི་ཞིག་ལྟར་ལངས་སུ་འཇུག་འདོད་ཡོད་ཨང་

 

རེབ་ཀོང་གསེར་མོ་ལྗོངས

འདི་རུ་སྒོར་སུམ་ཅུ་ཅན་གྱི་སྨད་བཙོང་གི་བརྩེ་དུང་བཞིན་

ལྷ་སྐུ་ཅི་ཙམ་གྱི་བྱིན་རླབས་བཙོང་རྒྱུ་ཡོད་

 

༢༠༡༠ལོའི་ཟླ་༣ཚེས་༢༨ཉིན་རེ་སྐོང་གསེར་མོ་ལྗོངས་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེབ་ཀོང་གསེར་མོ་ལྗོངས།

2010-04-28 བསྒྲལ་རྡོ། ཀློག་གྲངས། མཆན ཡོད།

རྡོ་དང་གཡའ་མའི་སྟེང་དུ་ཉལ་བའི་

སངས་རྒྱས་དང་སྟོང་འཁོར་

ཤིང་དང་གསོམ་པའི་སྟེང་དུ་ཟུག་པའི་

མཁས་དབང་དང་ལོ་ཙཱ་བ་རིམ་བྱོན་

རེབ་ཀོང་གསེར་མོ་ལྗོངས

 

མགར་རྩེའི་ཞོ་འོ་དང་

རྩེ་ཁོག་གི་སྐམས་ཤ་བྲིན་པའི་

ཟ་ཁང་དང་ཆང་ཁང་ཆུང་ཆུང་དང་

དེ་འཚོང་བར་བཞེངས་འདྲའི་

རེ་སྐོང་བ་ཕོ་མོའི་ཁ་འཇམ་ཚིག་ཡག་

དགེ་འདུན་ཆོས་འཕེལ་གྱི་སྙན་ཚིག་བཞིན་

སུ་ལ་བཟློགས་ཐབས་མཆིས་

 

སྲང་ལམ་དང་བཞི་མདོ་གང་མང་དུ་བརྩངས་པའི་

ས་སྐུ་དང་རྡོ་སྐུ་དག་གི་

དད་ལྡན་ཉོ་བདག་ཅིག་ལ་ཅེར་ཅེར་བའི་སྤྱན་ཟུང་

ཐང་ཆད་པའི་ཉམས་ཀྱིས་དལ་མོར་བཙུམས་མོད་

བདག་པོས་ད་རུང་དེའི་སྟེང་དུ་

ཨུ་ཚུགས་དང་རིན་གོང་གང་མང་ཞིག་སྤུངས་ནས་

ནམ་ཞིག་བར་དུ་འདི་ལྟར་

དམག་མི་ཞིག་ལྟར་ལངས་སུ་འཇུག་འདོད་ཡོད་ཨང་

 

རེབ་ཀོང་གསེར་མོ་ལྗོངས

འདི་རུ་སྒོར་སུམ་ཅུ་ཅན་གྱི་སྨད་བཙོང་གི་བརྩེ་དུང་བཞིན་

ལྷ་སྐུ་ཅི་ཙམ་གྱི་བྱིན་རླབས་བཙོང་རྒྱུ་ཡོད་

 

༢༠༡༠ལོའི་ཟླ་༣ཚེས་༢༨ཉིན་རེ་སྐོང་གསེར་མོ་ལྗོངས་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།