ཁྱོད་རང་མེད་པའི་མཚན་མོ།
མཚན་མོ་འདིར་ཁྱོད་མེད་པས།
ཁྱོད་མེད་པའི་མཚན་མོ་འདི།
རླུང་བུའི་འུར་སྒྲ་དང་ཐན་སྐད་སེམས་ལ་གཟན།
གཉིད་དུ་ཡུར་བའི་མཚན་མོའི་ངོ་གདོང་ནག་པོ།
སྤྲིན་རུམ་གྱི་རྨི་ལམ་སྟུག་པོས་བཀབ་དུས།
ངས་ཁྱོད་རང་ཧ་ཤང་བདུད་མོའི་དཔེ་ཟླར་འཇོག་མྱོང་ཞིང༌།
ངང་སྒུག་གི་ལོ་ཟླ་རེ་རེ་བཤན་པ་རྨེ་རུའི་སྡིག་ཉེས་སུ་བགྲང་མྱོང༌།
སྐར་ཚོམ་གྱི་འདུ་ཚོགས་བྱ་ཚོགས་བཞིན་རུབ་དུས།
རི་སུལ་གྱི་གྲིབ་མར་འགྲེ་ལྡོག་མང་ཞིང༌།
ཁ་བའི་འཁུན་སྒྲ་ལ་བར་མཚམས་མེད་པས།
ཁྱོད་མེད་པའི་མཚན་མོར།
ཆུ་ནང་གི་ཟླ་གཟུགས་རབ་རིབ་དབུས་སུ།
ངའི་དྲན་སེམས་གྲང་རླུང་གིས་བསྒྲིལ་ཏེ་སྦས་དགོས་བྱུང༌།
རྩོམ་ཁུངས། ངེད་དྲ་བ།

