ཁམས་སྐྱེ་རྒུའི་ས་འགུལ་ལ་ཕུལ་བའི་གྱེར་འདོན་ཞུ་ཚིག

                        ༡ 
ལོ་ན་ནིང་ན་ནིང་གི་ད་ཚོད་ཅིག་ལ 
བུན་ཁྲོན་ས་འགུལ་བྱུང་སྟེ་མིའི་རིགས་ཀྱི་ཕྱེད་ཀ་བསྣུབས་སོང་བ་འདྲ
ཚེ་སྲོག་གི་ལང་ཚོ་ལ་ལྡང་བའི་རླུང་ནག་འཚུབ་མ་དེ
ད་ལོའི་ཁ་སང་གི་ཉིན་འདི་འགར་ཐོལ་གྱིས་གཡུགས་ཏེ
ཡང་བསྐྱར་ངའི་ཁྲག་རྒྱུད་གཅིག་པའི་ནང་མི་སྤུན་ཟླ་དག་བཙན་གྱིས་དེད་སོང
ཀྱེ་མ   ལས་དབང་ནི་སུ་ཡིས་ཀྱང་མ་བྱས་ལ
སྟེས་དབང་ནི་དེ་བས་ཀྱང་བཀོད་སྒྲིག་བྱས་ག་ལ་ཡོད
                          ༢
ཁྲག་གིས་མཚོ་བསྐྱིས་ཤིང  བེམ་པོས་རི་རབ་བརྩིགས་པའི་ན་ནིང་དོ་ཚིག་གི་ལོ་ཟླ་འདི
ང་དང་ཁྱོད་ཁོ་ནའི་སྡུག་བསྔལ་གྱིས་མནར་དགོས་པའི་ཁ་སང་གི་མིག་ཆུ་ཙམ་ཡིན་ནམ
ཨ་མའི་སེམས་ཁོང་གི་གཅེས་ལོ་ཚེ་རིང
ཨ་ཕའི་མིག་ལམ་གྱི་བུ་མོ་སྐྲ་རིང
ད་དུང   ཁྱིམ་ཆུང་མའི་བརྩེ་བ་རུམ་པའི་སྐྱེས་པ་དེ
སྟག་ཤ་རའི་རྨི་ལམ་གཉེར་བའི་མཛེས་མ་དེ    
དེ་དག་ཐམས་ཅད་ཀྱིས་བསྐྲུན་པའི་འཚོ་བའི་བདེ་སྐྱིད་དེ
གསར་འགྱུར་ལས་རིགས་ཀྱི་བརྙན་རིས་ཙམ་ནས་མཇུག་རྫོགས་སྲིད་དམ
                          ༣
ཐུ་བྷོད་ཀྱི་མིག་ཆུའི་བཞུར་སྒྲས་ས་གཞི་ཁེངས་ཤིང
ཁྲག་གིས་མཚོ་མོ་བསྐྱོམས་པའི་ཁ་སང་གི་གཏམ་རྒྱུད་འདི་དང
ད་དུང    ཁྱོད་ཀྱིས་བསྐྱུར་མ་ཕོད་པའི་མཛེས་སྡུག་གི་རྨི་ལམ་དེ
སུ་ལའང་ངན་ཁག་དཀྲི་ས་མེད 
ཆུང་ནས་འདྲེས་པའི་ས་མཐོའི་སྐལ་བཟང་མེ་ཏོག 
ཚེ་སྲོག་གི་དབུགས་རྔ་འཐོར་སའི་རྩྭ་ཐང་གི་འཇིག་རྟེན་ཆུང་ཆུང
ངང་བའི་རྨི་ལམ་འཁུར་བའི་ཆུ་བོ་དགུ་ཡི་མགོ་ཁུངས
ད་ལྟ་ཡིད་ལ་འཁོར་ན     སེམས་པ་སྡུག་ཞོར   སེམས་གཏམ་བཤད་ཞོར   མྱ་ངན་འབུལ་ཞོར
ང་ཚོས་སུ་ལའང་ངན་ཁག་དཀྲི་དོན་མེད   ཡིན་ཡང  ང་ད་དུང་སྔར་བཞིན་འཚོ་དགོས
ཐག་རིང་གི་རྨི་ལམ་དེའི་སླད་དུ    
                            ༤
མགོ་ཐོག་གི་གནམ་སྔོན་པོ་དང་མིག་ལམ་གྱི་སྤྲིན་དཀར་པོ་འདི 
ནམ་ཞིག་ལ་ཚེ་སྲོག་མེད་པའི་ལྷིང་འཇགས་ཀྱི་ཁོར་ཡུག་ཞིག་སྟེ
ཁྲག་དམར་གྱིས་ཡོངས་སུ་བརླན་པའི་བེམ་པོའི་གཤིན་ས་འདི
ང་ཁོ་ན་འདུག་ས་ཡིན་ནམ         
ཤུགས་མངའ་བའི་མཛེས་སྡུག་གི་ཚེ་སྲོག་བཅོམ་མཁན་ཁྱོད
བོད་མིའི་སྐྱིད་སྡུག་གི་ལྷ་དབང་གིས་ཅིའི་ཕྱིར   གུ་ཡངས་ལ་བཏང་བ་རེད
དམྱལ་བ་གཤིན་རྗེ་ལ་འདི་འདྲའི་ཚེ་སྲོག་གི་བྲོ་ཁ་འབུལ་དོན་ཅི  
འགྱོད་སེམས་འདི་དང་ན་ཟུག་འདི   ཁོ་བོས་ག་དུས་ཡིན་ཡང་སེམས་པས་སྐྱོར་ཡོད
བདག་གི་ཡུལ་ཤུལ་བ   ཞེ་མ་ཕམ     ཁྱེད་ཀྱིས་མྱངས་པའི་ཚེ་སྲོག་གི་ཕམ་ཁ་འདི
བདག་གི་ལུས་སེམས་གཉིས་ཀྱི་སྙིང་ཁར་འཇུས་ཡོད  
                                 ༥
གནའ་སྔ་མོ་སྔ་མོ་ནས་བཟུང
ཁ་བ་ཅན་གྱི་མི་རིགས་འདིའི་དམངས་སེམས་མཉམ་དུ་གནས་ཡོད
མིག་ཆུ་མཉམ་དུ་བཞུར་མྱོང        ལག་རྡང་གཅིག་ཏུ་སྦྲེལ་ཡོད
སེམས་པ་གཅིག་ལ་འཁོར་ཡོད      རྨི་ལམ་གཅིག་ཏུ་གཞོལ་ཡོད  
                                ༦
ཡུལ་ཤུལ་བ   ཁྱེད་ཚོ་སྔར་བཞིན་ང་ཡི་མིག་ཁོང་ན་མཛེས་སྡུག་གིས་འཚོས་ཡོད
ང་ཚོ་སྔར་བཞིན     ཁྱེད་ཚོ་དང་མཉམ་དུ་གནས་ཡོད 
ཁ་བ་རི་བོའི་ཚེ་སྲོག་ལ་བཀོད་ཆག་ཐེབས་པའི་ཉིན་དེ་ནས་བཟུང
ང་ལ་ཀུ་རེ་དབེན་ཞིང ཁྱོད་ལ་འཛུམ་མདངས་མེད་པའི་ཁྱག་སིབ་སིབ་ཀྱིས་མཚན་མོ་ཞིག
སྐར་མ་སྨིན་དྲུག་གིས་ཀྱང་མ་ཁོགས་པར   ངའི་ནང་སེམས་ལ་ཡུན་གྱིས་སླེབས་ཡོང 
དེ་བས   དོ་དགོང་གི་ཉི་མ་དམར་པོ་འདི་དང་སང་ཉིན་གྱི་ཟླ་བ་ནག་པོ་དེ
འཁྲིགས་འཁྲིགས་མེད་ན   ད་དུང་ཡང་བསྐྱར་ཤར་ན་ཐང       
དེ་དུས
ང་དང་ཁྱོད   སྔར་བཞིན་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེས་ཀྱིས
རི་བོ་འདིའི་ཕ་རོལ་ལ་འཐབ་རྩོད་བྱེད་པའི་སྤོབས་པ་ཡོད་དགོས  
 བདག་གི   བཙན་པོའི་གདུང་རྒྱུད་པ  
སྟེས་དབང་གིས་བྱུང་བའི་ས་ཡོམ་འདི་དང་མཆོད་མེ་སྒྲོན་པའི་མྱ་ངན་འདི 
སུ་ཞིག་གིས་ང་ཚོར་བྱིན་པའི་སྡུག་བསྔལ་གྱི་མིག་ཆུ་ཡིན   
                                 ༧
སྐྱེ་བ་འདིར     ང་ཁྱེད་ཚོའི་བཞུར་སོང་བའི་ཟུངས་ཁྲག་ནང་ལ་འཐིམས་ནས་ཡོད
ཁྱོད་ང་ཡི་མིག་ཆུའི་ཀློང་དུ་སྦས་ནས་ཡོད
བདག་གི་ཁམས་ཕྱོགས་པ
བྱ་རྒོད་ཀྱི་ནམ་འཕང་དང་མཉམ་དུ་འཕུར་བའི་ང་ཚོའི་སྙིང་སྟོབས་དང
རི་ཀློང་གི་རྫ་འདབ་ནས་ཁྱེད་ཀྱི་གླུ་སྐད་ལ་འཇུས་པའི་བདག་གི་རྣ་ཅོག་གིས
ད་ལྟ  ཉིན་དང་མཚན་བྱས་ཏེ་ཁྱེད་ཅག་གི་སྨྲེ་སྔགས་ལ་ཉན་ཡོད
ཁམས་ཕྱོགས་མདོ་ཡི་སྐྱེ་རྒུ་པ      སེམས་མ་སྡུག   ངས་ཁྱེད་ཀྱི་རྣམ་ཤེས་སྲུང་ཡོད  
                                 ༨
བདག་གི་ས་ཆེན་པོ   དེ་ན་ངས་ཁྱོད་ལ་འདྲི    མིག་ཆུས་བརླན་སོང་བའི་ཚེ་སྲོག་གི་གྱོན་པ
བརྙས་བཅོས་བྱས་སོང་བའི་བདག་གི་རུས་རྒྱུད     འགྱོད་གདུང་གིས་མནར་བའི་ང་ཡི་སེམས་པ
རྒོད་ཐང་ནག་གི་ཁ་ཟས་དང་མེ་དམར་པོའི་རྫོངས་པ་ཡིན་ནམ 
ང་ཡི་ཁམས་ཕྱོགས་མདོ་ཡི་ནང་མི་སྤུན་ཟླ
ཁ་སང     ཚེ་སྲོག་བཅོམ་ཏེ་དཀའ་སྡུག་མྱངས་ཡང   དེ་རིང  ང་ཚོ་ཡོད་པས
སང་ཉིན་མཉམ་དུ་འཚོ་དགོས 
བདག་གི་གཅེས་སུ་འོས་པའི་ཕུ་ནུ་མིང་སྲིང་ཚོ   ད་མ་ངུ   ང་ཚོ་སྔར་བཞིན་ཁྱེད་ཚོའི་གམ་ན་ཡོད
ང་ཚོ་སྔར་བཞིན་ཉི་མའི་འོད་ངོགས་སུ་ཡོད    ཟླ་བའི་དཀྱིལ་སྙིང་དུ་གནས་ཡོད  
                                ༩
ང་ཡི་བྱེ་ཐང་གི་གླག་རྒོད་ཚོ    སྙིང་སྟོབས་ཀྱི་ནམ་འཕང་དགུང་ལ་བསྟོད་དང
མཛེས་སྡུག་གི་རྨི་ལམ་དེ་ཡུན་གྱིས་ལྷོད་ཡོང    ང་ཡི་ཁམས་ཕྱོགས་པ

༢༠༡༠ལོའི་ཟླ༤ཚེས༡༥ཉིན། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁམས་སྐྱེ་རྒུའི་ས་འགུལ་ལ་ཕུལ་བའི་གྱེར་འདོན་ཞུ་ཚིག

2010-04-28 ཞོགས་ཆར ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།