ན་ཟུག་གིས་ཁྱབ་པའི་བདེན་ཚིག

ཆང་རག་ཐ་མག་གི་འཇིག་རྟེན་ན

ངས   བརྩེ་བ་དང་དུང་བ་རུམ་དུ་སྦས་ཏེ

ཕུགས་བསམ་གྱི་གོམ་པ་མདུན་་དུ་སྤོ་བཞིན

རང་ཉིད་དང་རང་ཉིད་ཀྱི་གྲི་མ་བཙལ་གྱིན་ཡོད

 

འཕྱ་དམོད་དང་གདུག་རྩུབ་ཆེ་བའི་ཡུལ་གྲུ་ན

ངས   ལྐོག་དམོད་དང་མྱི་ཁ་རྒྱབ་ཏུ་དོར་ཏེ

དྲང་བདེན་དང་གནས་ལུགས་ཀྱི་རལ་གྲི་ཤར་གྱིན

མེས་པོ་ཚོའི་བང་སོ་དང་ཤུལ་ལམ་འཚོལ་གྱིན་ཡོད

 

རྟ་བོའི་རྨིག་སྒྲས་གནམ་ས་འགེངས་པའི་ཕ་ཡུལ་ན

ངས   གནའ་མྱི་རལ་བ་ཅན་ཚོའི་དཔའ་སྙིང་བསམ་སྟེ

སྙིང་སྟོབས་ཀྱི་རལ་གྲི་སེམས་ནས་བརྡར་གྱིན

ཡུལ་མི་ཚོའི་ནང་ཁོག་སྔོག་གིན་ཡོད

 

༢༠༠༩    ༡༢    ༡༣ཉིན

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ན་ཟུག་གིས་ཁྱབ་པའི་བདེན་ཚིག

2010-04-27 མཛོད་མེ་འབར། ཀློག་གྲངས། མཆན ཡོད།

ཆང་རག་ཐ་མག་གི་འཇིག་རྟེན་ན

ངས   བརྩེ་བ་དང་དུང་བ་རུམ་དུ་སྦས་ཏེ

ཕུགས་བསམ་གྱི་གོམ་པ་མདུན་་དུ་སྤོ་བཞིན

རང་ཉིད་དང་རང་ཉིད་ཀྱི་གྲི་མ་བཙལ་གྱིན་ཡོད

 

འཕྱ་དམོད་དང་གདུག་རྩུབ་ཆེ་བའི་ཡུལ་གྲུ་ན

ངས   ལྐོག་དམོད་དང་མྱི་ཁ་རྒྱབ་ཏུ་དོར་ཏེ

དྲང་བདེན་དང་གནས་ལུགས་ཀྱི་རལ་གྲི་ཤར་གྱིན

མེས་པོ་ཚོའི་བང་སོ་དང་ཤུལ་ལམ་འཚོལ་གྱིན་ཡོད

 

རྟ་བོའི་རྨིག་སྒྲས་གནམ་ས་འགེངས་པའི་ཕ་ཡུལ་ན

ངས   གནའ་མྱི་རལ་བ་ཅན་ཚོའི་དཔའ་སྙིང་བསམ་སྟེ

སྙིང་སྟོབས་ཀྱི་རལ་གྲི་སེམས་ནས་བརྡར་གྱིན

ཡུལ་མི་ཚོའི་ནང་ཁོག་སྔོག་གིན་ཡོད

 

༢༠༠༩    ༡༢    ༡༣ཉིན

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།