ཆུ་ཟིལ་དང་ཁ་བའི་འདབ་ལོ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-25

སྨུག་སྤྲིན་གྱི་ཡོལ་བས་བཅད་པའི་རི་རྩེ་དེའི་ཕ་རོལ་དུ།

ཁྱོད་ཀྱིས་ཡུན་རིང་སྒུག་པའི་ཁ་བའི་འདབ་ཟེགས་དེ།

དཔྱིད་མགོའི་མེ་ཏོག་གི་ཐེའུ་གསར་དེའི་དམར་གོང་ལ་སིམ་དུས།

རྒྱང་རིང་ནས་གྲགས་པའི་འཕྲེད་གླིང་དཀར་པོའི་འགྱུར་ཁུག་ལ།

གཡུ་སྦྲང་དང་ཕྱེ་ལེབ་དུ་མས་རྣ་ལོང་གཏད།

 

ཉི་འོད་ཆུ་ཐིགས་ལ་འཕྲོས་པའི་མཚར་མདངས་སྐྱེན་པོ་དང༌།

རླུང་བུའི་ཞེ་སྡང་གི་སྲིན་ལག་རིང་མོའི་རྣོ་ཁར།

ཉམས་ཆུང་གི་ཆུ་ཟིལ་དག་བརྩེ་མེད་ཀྱི་དོང་དུ་འབུད་ལ་ཉེ།

ཀྱེ་མ། ཡིད་འོང་གི་ཚེ་སྲོག་དེར་སྙིང་རྗེ་མི་སྐྱེས་སམ།

བདག་ནི་ཁུ་སིམ་སིམ་སྒོས་ཡལ་ག་ཞིག་གི་འཁར་བ་བརྟེན་པར་འདོད།

 

དུས་ཚིགས་ཀྱི་མཉེས་གཤིན་ཁོ་ནས་འོད་ཀྱི་གོང་བུ་དག་སྙོར་ངེས་ན།

འཇའ་ཚོན་གྱི་བསིལ་གྲིབ་སྣུམ་ཐིང་འོག་ཏུ།

སེམས་ཀྱི་བུ་ཆུང་དེ་ལྷོད་ཤིག་ཤིག་ངང་གཉིད་ཀྱི་བདེ་བར་རོལ་ཐུབ་ཅིང༌།

རྨི་ལམ་ན། བདེ་བའི་རྨི་ལམ་གྱི་པང་ཅལ་སྟེང༌།

རྟེའུ་གསར་དང་བང་རྩལ་འགྲན་པའི་ཁ་བའི་རྣམ་ཤེས།

དངུལ་མདོག་གི་ཕུག་རོན་དང་གཞི་གཅིག་ཏུ་འདྲེས།

 

བར་སྣང་གི་ཆ་གཅིག་ཐོལ་གྱིས་ལག་མཐིལ་ནང་ལྷུང་བས།

མུན་པ་དང་སྐར་མའི་ཁྲེལ་དགོད་ཀྱིས་ང་རང་ཡེར།

ཟླ་འོད་ཀྱི་དཔྱང་ཐག་ལ་དམ་དུ་འཁྱུད་དེ།

ཨ་རག་ཤེལ་དམ་གང་གི་རིན་ཐང་གླེང་སྐབས།

ཡང་སྐྱར། འོད་ཀྱི་ཐིག་ལེར་སྦྲུམ་པའི་ཆུ་ཟིལ་དང་ཁ་བའི་འདབ་ལོ་རེ་རེ།

ངའི་བ་སྤུའི་ལྗོན་རྩེ་རུ་འདར་ཞིང་གཡོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆུ་ཟིལ་དང་ཁ་བའི་འདབ་ལོ།

2010-04-25 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

སྨུག་སྤྲིན་གྱི་ཡོལ་བས་བཅད་པའི་རི་རྩེ་དེའི་ཕ་རོལ་དུ།

ཁྱོད་ཀྱིས་ཡུན་རིང་སྒུག་པའི་ཁ་བའི་འདབ་ཟེགས་དེ།

དཔྱིད་མགོའི་མེ་ཏོག་གི་ཐེའུ་གསར་དེའི་དམར་གོང་ལ་སིམ་དུས།

རྒྱང་རིང་ནས་གྲགས་པའི་འཕྲེད་གླིང་དཀར་པོའི་འགྱུར་ཁུག་ལ།

གཡུ་སྦྲང་དང་ཕྱེ་ལེབ་དུ་མས་རྣ་ལོང་གཏད།

 

ཉི་འོད་ཆུ་ཐིགས་ལ་འཕྲོས་པའི་མཚར་མདངས་སྐྱེན་པོ་དང༌།

རླུང་བུའི་ཞེ་སྡང་གི་སྲིན་ལག་རིང་མོའི་རྣོ་ཁར།

ཉམས་ཆུང་གི་ཆུ་ཟིལ་དག་བརྩེ་མེད་ཀྱི་དོང་དུ་འབུད་ལ་ཉེ།

ཀྱེ་མ། ཡིད་འོང་གི་ཚེ་སྲོག་དེར་སྙིང་རྗེ་མི་སྐྱེས་སམ།

བདག་ནི་ཁུ་སིམ་སིམ་སྒོས་ཡལ་ག་ཞིག་གི་འཁར་བ་བརྟེན་པར་འདོད།

 

དུས་ཚིགས་ཀྱི་མཉེས་གཤིན་ཁོ་ནས་འོད་ཀྱི་གོང་བུ་དག་སྙོར་ངེས་ན།

འཇའ་ཚོན་གྱི་བསིལ་གྲིབ་སྣུམ་ཐིང་འོག་ཏུ།

སེམས་ཀྱི་བུ་ཆུང་དེ་ལྷོད་ཤིག་ཤིག་ངང་གཉིད་ཀྱི་བདེ་བར་རོལ་ཐུབ་ཅིང༌།

རྨི་ལམ་ན། བདེ་བའི་རྨི་ལམ་གྱི་པང་ཅལ་སྟེང༌།

རྟེའུ་གསར་དང་བང་རྩལ་འགྲན་པའི་ཁ་བའི་རྣམ་ཤེས།

དངུལ་མདོག་གི་ཕུག་རོན་དང་གཞི་གཅིག་ཏུ་འདྲེས།

 

བར་སྣང་གི་ཆ་གཅིག་ཐོལ་གྱིས་ལག་མཐིལ་ནང་ལྷུང་བས།

མུན་པ་དང་སྐར་མའི་ཁྲེལ་དགོད་ཀྱིས་ང་རང་ཡེར།

ཟླ་འོད་ཀྱི་དཔྱང་ཐག་ལ་དམ་དུ་འཁྱུད་དེ།

ཨ་རག་ཤེལ་དམ་གང་གི་རིན་ཐང་གླེང་སྐབས།

ཡང་སྐྱར། འོད་ཀྱི་ཐིག་ལེར་སྦྲུམ་པའི་ཆུ་ཟིལ་དང་ཁ་བའི་འདབ་ལོ་རེ་རེ།

ངའི་བ་སྤུའི་ལྗོན་རྩེ་རུ་འདར་ཞིང་གཡོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།