འཁོར་བ་ནས་རྙེད་པའི་སྒྲུང༌།

                       

ཤར་མཐའི་ཆུ་འཛིན་ཚོམ་བུ་ལྷོ་རུ་བཞུད།།

དབྱར་སྐྱེས་རྔ་སྒྲ་ཁྲོས་པའི་ལྕགས་ནག་འབེབ།།

མཐོན་མཐིང་སྔོན་པོའི་དབྱིངས་ནས་གློག་དམར་མཆེད།།

འཇིགས་ཆེན་བདུད་ཀྱིས་སྤྲུལ་བས་མི་སེམས་གཙེས།།

 

ལྷུང་ལྷུང་དལ་འབབ་ལུགས་ལྡོག་གྱེན་དུ་བཞུར།།

སྔོ་ལྗངས་སྤང་ཐང་པང་བ་ཁྲག་གིས་བརྫིས།།

འདབ་ལྡན་མེ་ཏོག་མགོ་བོ་རླུང་གིས་བཅད།།


མི་འདོད་མྱ་ངམ་ཐང་གིས་རང་གཤིས་མངོན།།

ལྷ་ལ་མཆོད་པའི་མར་མེ་རླུང་གིས་བསད།།

མི་ལ་སྦྱིན་པའི་སེམས་པ་དུག་ལྔས་བཟོས།།

འཁོར་འདོད་འཁོར་བའི་ངོགས་ནས་རང་ཉིད་བོར།།

མི་རྟག་འཇིག་རྟེན་ཁྱིམ་ཆེན་མཆི་མས་བརླན།།

                              ---2010-5-25ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁོར་བ་ནས་རྙེད་པའི་སྒྲུང༌།

2010-05-27 སྨག་འཇོམས། ཀློག་གྲངས། མཆན ཡོད།

                       

ཤར་མཐའི་ཆུ་འཛིན་ཚོམ་བུ་ལྷོ་རུ་བཞུད།།

དབྱར་སྐྱེས་རྔ་སྒྲ་ཁྲོས་པའི་ལྕགས་ནག་འབེབ།།

མཐོན་མཐིང་སྔོན་པོའི་དབྱིངས་ནས་གློག་དམར་མཆེད།།

འཇིགས་ཆེན་བདུད་ཀྱིས་སྤྲུལ་བས་མི་སེམས་གཙེས།།

 

ལྷུང་ལྷུང་དལ་འབབ་ལུགས་ལྡོག་གྱེན་དུ་བཞུར།།

སྔོ་ལྗངས་སྤང་ཐང་པང་བ་ཁྲག་གིས་བརྫིས།།

འདབ་ལྡན་མེ་ཏོག་མགོ་བོ་རླུང་གིས་བཅད།།


མི་འདོད་མྱ་ངམ་ཐང་གིས་རང་གཤིས་མངོན།།

ལྷ་ལ་མཆོད་པའི་མར་མེ་རླུང་གིས་བསད།།

མི་ལ་སྦྱིན་པའི་སེམས་པ་དུག་ལྔས་བཟོས།།

འཁོར་འདོད་འཁོར་བའི་ངོགས་ནས་རང་ཉིད་བོར།།

མི་རྟག་འཇིག་རྟེན་ཁྱིམ་ཆེན་མཆི་མས་བརླན།།

                              ---2010-5-25ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།