ལམ་འགྲོ་བ།

སྔོ་ལྗང་གི་རྩྭ་ཐང
བདག་མེད་ཀྱི་ལུག་ཁྱུ
ལམ་འགྲོ་བའི་རྐང་རྗེས་སྙེག་ཕྱིར
རི་སྤྱང་གི་ཁ་ཟས་དང་འཕྲུལ་ཆས་ཀྱི་ལོངས་སྤྱོད་དུ་གྱུར
འོན་ཀྱང༌། གསལ་ལ་མི་གསལ་བའི་སྦྲ་ནག་ཐར་ཐོར
དུ་བ་ཆེན་པོ་དེའི་རྗེས་ཤུལ་ན་ཁ་རོག་གེར་ལས་འདུག
སུས་ཀྱང་མ་མཐོང་བའི་གནས་ལུགས་བཤད་ན
རྒས་དྲགས་པའི་ཨ་མྱེས་ཀྱི་སེམས་སྟེང་ན་རྐང་རྗེས་ཤིག་གང་ན་ཡོད

རི་མཐོན་པོ
ཆུ་གཙང་མོ
ད་དུང་མཐོ་སྒང་ན་ཡོད་པ་མཐའ་དག              
ངས་བདེན་དཔང་ལ་འཇོག་ཆོག
ངས་གནས་ལུགས་ལ་དྲངས་ཆོག
ངའི་ཡ་ཁོག་ནའང་རྐང་རྗེས་ཤིག་ཡོད
ཡུན་རིང་འདི་ལྟར་བསམ་དུས
མིག་ཆུ་རྡོག་གཅིག་སྔ་མོ་ནས་རང་གི་དཀར་ཡོལ་དུ་ཐིགས་སོང

ལམ་འགྲོ་བ
སྐར་མདའ་ཞིག་གི་མཆེད་སྟངས་ལྟར
གཡའ་དག་པའི་ནམ་མཁའ་གང་ལ་འཕུར
ཁྲག་རྩ་འདི་དག་གི་ཕྱོགས་གང་སར་བཞུར
ངའི་ཡ་ཐོད་ཀྱི་མིག
ངའི་རུས་གསེང་གི་རྐང
ཨ།  ལམ་འགྲོ་བ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལམ་འགྲོ་བ།

2010-05-23 མུ་ནེ་སྐྱབས། ཀློག་གྲངས། མཆན ཡོད།

སྔོ་ལྗང་གི་རྩྭ་ཐང
བདག་མེད་ཀྱི་ལུག་ཁྱུ
ལམ་འགྲོ་བའི་རྐང་རྗེས་སྙེག་ཕྱིར
རི་སྤྱང་གི་ཁ་ཟས་དང་འཕྲུལ་ཆས་ཀྱི་ལོངས་སྤྱོད་དུ་གྱུར
འོན་ཀྱང༌། གསལ་ལ་མི་གསལ་བའི་སྦྲ་ནག་ཐར་ཐོར
དུ་བ་ཆེན་པོ་དེའི་རྗེས་ཤུལ་ན་ཁ་རོག་གེར་ལས་འདུག
སུས་ཀྱང་མ་མཐོང་བའི་གནས་ལུགས་བཤད་ན
རྒས་དྲགས་པའི་ཨ་མྱེས་ཀྱི་སེམས་སྟེང་ན་རྐང་རྗེས་ཤིག་གང་ན་ཡོད

རི་མཐོན་པོ
ཆུ་གཙང་མོ
ད་དུང་མཐོ་སྒང་ན་ཡོད་པ་མཐའ་དག              
ངས་བདེན་དཔང་ལ་འཇོག་ཆོག
ངས་གནས་ལུགས་ལ་དྲངས་ཆོག
ངའི་ཡ་ཁོག་ནའང་རྐང་རྗེས་ཤིག་ཡོད
ཡུན་རིང་འདི་ལྟར་བསམ་དུས
མིག་ཆུ་རྡོག་གཅིག་སྔ་མོ་ནས་རང་གི་དཀར་ཡོལ་དུ་ཐིགས་སོང

ལམ་འགྲོ་བ
སྐར་མདའ་ཞིག་གི་མཆེད་སྟངས་ལྟར
གཡའ་དག་པའི་ནམ་མཁའ་གང་ལ་འཕུར
ཁྲག་རྩ་འདི་དག་གི་ཕྱོགས་གང་སར་བཞུར
ངའི་ཡ་ཐོད་ཀྱི་མིག
ངའི་རུས་གསེང་གི་རྐང
ཨ།  ལམ་འགྲོ་བ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།