སྙན་ངག་པ།

རིག་སྨོན་དཀོན་མཆོག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-22

   སྐུ་ཞབས་འབྲོང་ལ་ཕུལ་བ།

 
སྙན་ངག་པ། སྒྱུ་རྩལ་གྱི་ཞིང་ཁམས་ནས་ལམ་ལ་ཆས།
སྙན་ངག་པ། རི་རབ་ཀྱི་མུན་ཁྲོད་ནས་ཐོལ་གྱིས་ལངས།
ཁྱོད།  མཐོ་ལྗོངས་ཀྱི་རྔོན་པ་ཁེར་རྐྱང༌།
མཚན་ངོགས་ནས་འགྱེལ་ཅིང་རི་ཟོམ་ནས་ཤུགས་ཀྱིས་འགྲེང༌།
སེམས་པ་ཡོད་ཚད་ན་ཟུག་གིས་ཟས།
རེ་བ་ཐམས་ཅད་མི་ཁ་ཡིས་བལྡད།
སྙན་ངག་པ། གངས་སུལ་ནས་བཞུར་བའི་ཁྲག་གི་སྙན་ངག་རེ་རེ།
སྙན་ངག་པ། རླུང་ངོགས་ནས་གྱེར་བའི་སེམས་ཀྱི་རྐང་གླིང་རེ་རེ།
ས་ཆེན་པོའི་ཀློང་ན།     ཆུ་གཙང་བོའི་འགྲམ་ན།
འཆི་མེད་རྒས་མེད་ཀྱི་འཆར་ཡན་དམར་པོ།
དུངས་པའི་གླུ་རུ་བླངས།  སྐྱོ་བའི་མཆི་མར་བརྫིས།
སྙན་ངག་པ།  སེམས་དོན་ཡོད་དགུ་སྙན་ངག་ལ་བཅོལ་བས།
སྙན་ངག་གིས་ད་དུང་ཁྱེད་ལ་ཕྱི་ཐག་འབྲི།
སྙན་ངག་པ། འཇིག་རྟེན་གྱི་རྒྱལ་བོ་ཡིན་ལ།
དུས་རབས་ཀྱི་ཉེས་ཅན་ཡང་ཡིན།
སྙན་ངག་པ། སེམས་པ་ཡོད་ཚད།
རེ་བ་ཐམས་ཅད།
དྲང་མོར་གཅིག་ཏུ་བསྒོམ་ནས།
མུ་མཐུད་དུ་སྙན་ངག་ཕྲིས་དང༌།
མི་ཁའི་འོག་ནས།  ཁྱོད་རང་དཔའ་མི་ཞུམ་པ་ཤ་སྟག་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་པ།

2010-05-22 རིག་སྨོན་དཀོན་མཆོག ཀློག་གྲངས། མཆན ཡོད།

   སྐུ་ཞབས་འབྲོང་ལ་ཕུལ་བ།

 
སྙན་ངག་པ། སྒྱུ་རྩལ་གྱི་ཞིང་ཁམས་ནས་ལམ་ལ་ཆས།
སྙན་ངག་པ། རི་རབ་ཀྱི་མུན་ཁྲོད་ནས་ཐོལ་གྱིས་ལངས།
ཁྱོད།  མཐོ་ལྗོངས་ཀྱི་རྔོན་པ་ཁེར་རྐྱང༌།
མཚན་ངོགས་ནས་འགྱེལ་ཅིང་རི་ཟོམ་ནས་ཤུགས་ཀྱིས་འགྲེང༌།
སེམས་པ་ཡོད་ཚད་ན་ཟུག་གིས་ཟས།
རེ་བ་ཐམས་ཅད་མི་ཁ་ཡིས་བལྡད།
སྙན་ངག་པ། གངས་སུལ་ནས་བཞུར་བའི་ཁྲག་གི་སྙན་ངག་རེ་རེ།
སྙན་ངག་པ། རླུང་ངོགས་ནས་གྱེར་བའི་སེམས་ཀྱི་རྐང་གླིང་རེ་རེ།
ས་ཆེན་པོའི་ཀློང་ན།     ཆུ་གཙང་བོའི་འགྲམ་ན།
འཆི་མེད་རྒས་མེད་ཀྱི་འཆར་ཡན་དམར་པོ།
དུངས་པའི་གླུ་རུ་བླངས།  སྐྱོ་བའི་མཆི་མར་བརྫིས།
སྙན་ངག་པ།  སེམས་དོན་ཡོད་དགུ་སྙན་ངག་ལ་བཅོལ་བས།
སྙན་ངག་གིས་ད་དུང་ཁྱེད་ལ་ཕྱི་ཐག་འབྲི།
སྙན་ངག་པ། འཇིག་རྟེན་གྱི་རྒྱལ་བོ་ཡིན་ལ།
དུས་རབས་ཀྱི་ཉེས་ཅན་ཡང་ཡིན།
སྙན་ངག་པ། སེམས་པ་ཡོད་ཚད།
རེ་བ་ཐམས་ཅད།
དྲང་མོར་གཅིག་ཏུ་བསྒོམ་ནས།
མུ་མཐུད་དུ་སྙན་ངག་ཕྲིས་དང༌།
མི་ཁའི་འོག་ནས།  ཁྱོད་རང་དཔའ་མི་ཞུམ་པ་ཤ་སྟག་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།