བརྩེ་བའི་རྒྱལ་ཁམས་ནས་བླངས་པའི་གླུ།

མགོ་ལོག་པ་འཇིགས་བྱེད་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-07

སྨིན་ཐང་བུ་མོ་གླེང་བའི་ཁག་བཅུ་བཞི།

བར་ཐག་རི་ཆུ་སྟོང་གི་ཕ་རོལ་དེ་ནས།།

སྣ་ཚོགས་ཤེས་བྱའི་གྲུ་ཆེན་ཐོལ་གྱིས་འཇུ་བའི།།

གཤིས་རྒྱུད་དར་ལས་འཇམ་པའི་འདང་ཆེན་བྱམས་པ།།

སྐུ་ཁམས་བདེ་མོ་ཡིན་ནམ་སྨིན་ཐང་བུ་མོ།།

 དེ་རིང་ཤར་དུ་བཞུད་པའི་སྤྲིན་པ་འདི་ནི།།

ང་ཡིས་ཁྱེད་ལ་བསྐུར་བའི་་སྨྲེང་གཞས་ཡིན་པས།།

དྲག་དུ་ལྡིང་བའི་སེམས་པ་དམར་པོ་ཞིག་གིས།།

ཁྱེད་ཉིད་དྲན་པ་ཨེ་ཤེས་སྨིན་ཐང་བུ་མོ །།

གྲོགས་དང་མཛའ་མོ་མེད་པའི་རྟ་བོ་གྲོང་ནས།།

ཀུ་རེ་དགོད་སྒྲ་མེད་པར་རང་ཉིད་གཅིག་པུའི།།

ཁེར་རྐྱང་མི་ཚེ་འདི་ལ་སུན་སྣང་སྐྱེ་བཞིན།།

སྙིང་གཏམ་ཟིན་ཐོར་བཀོད་ཡོད་སྨིན་ཐང་བུ་མོ།།

ངོ་གདོང་ཧྲིལ་བོ་འདི་ཉིད་ཁྱེད་ལ་གཏད་ནས།།

སེམས་པ་ན་ཟུག་ཁྲོད་ནས་མིག་ཆུ་ཤོར་ཐལ།།

བཟློག་མེད་བརྩེ་དུང་ཟབ་མོ་སེམས་ལ་བཅིངས་ནས།།

འདི་ལྟར་ཤོག་སྨྱུག་བར་ནས་གསང་བ་བྲིས་ཡོད།།

གུ་དོག་འཇིག་རྟེན་འདི་ལ་སྙིང་བོ་མི་འདུག།

སྙིང་གཏམ་གླེང་སའི་བྱམས་པ་རྒྱང་ཐག་རིང་བས།།

མི་ཚེའི་སྐྱོ་སྡུག་བར་ནས་ཕྱིར་དྲན་བྱས་ཚེ།།

ཁྱེད་ལ་བཅིངས་བའི་བརྩེ་བ་དམར་ཁྲིད་བྱས་ཐལ།།

རེ་བའི་མདུན་མ་སྨིན་ཐང་བུ་མོ་བྱས་ནས།།

བརྩེ་བའི་དམ་བཅའ་སྨིན་ཐང་བུ་མོར་བཞག་ནས།།

མི་ལོ་གཉིས་ལྷག་འགོར་བའི་ལོ་རྒྱུས་རིང་མོ།།

བརྗེད་མེད་སྙིང་ལ་སིམ་ཡོད་སྨིན་ཐང་བུ་མོ།།

གློག་འོད་ལམ་ལམ་འཚེར་བའི་གྲོང་ཁྱེར་རེ་ནས།།

ཁ་པར་སྐུད་ལམ་རྒྱུད་ནས་སྙིང་གཏམ་བཤད་མྱོང༌།།

ཕྱུག་གྱི་འཕེལ་ཁ་དར་བའི་འབྲོག་སྡེ་རེ་ནས།།

སྨྲེང་བ་ཆར་དང་བསྲེས་ནས་སྤྲིན་ལ་བསྐུར་མྱོང༌།།

ཕན་ཚུན་ཡིད་སེམས་འདྲེས་ནས་ཡུན་རིང་འགོར་སོང༌།།

འཁྲེང་ཞེན་བརྩེ་བ་གླེང་ནས་ལོ་གཉིས་ལོན་སོང་

མི་ཚེའི་ལས་དབང་ཟེར་བའི་ཁུགས་པ་རེ་ནས།།

བརྩེ་བའི་རིན་ཐང་རྙེད་བྱུང་སྨིན་ཐང་བུ་མོ།།

ངས་སྙན་ངག་གི་མཛའ་མོ་དྲན་གྱིན་འདུག

སྨིན་ཐང་བུ་མོ་གླེང་བའི་ཁག་བཅོ་ལྔ།

སྐྱ་རེངས་ནམ་མཁའ་གསལ་བའི་འབྲོག་སྡེ་ཕྱུག་མོ།།

ལྗང་མདོག་གོས་སྔོན་གྱོན་པ་སྨིན་མོའི་རྩྭ་ཐང༌།།

རྫ་ཆུ་ལྷུང་ལྷུང་བཞུར་བ་སྨིན་ཆུའི་རང་མདངས།།

ཨེ་མ་རྨད་བྱུང་གནས་མཆོག་ཁྱེད་ཀྱི་ཕ་ཡུལ།།

བརྩེ་བའི་ཁྲག་རྒྱུན་བཞུར་ནས་ཡུན་རིང་འགོར་སོང༌།།

སྨྲེང་བ་ཆར་སྤྲིན་འདྲེས་ནས་ཟླ་ཤས་ལོན་སོང༌།།

སེམས་པ་སྐྱོ་བའི་བཟི་བའི་ཉིན་མོ་འདི་དག།

བྱམས་པ་སྨིན་ཐང་བུ་མོ་ལྷག་ཏུ་དྲན་ཐལ།།

དུངས་སེམས་འོ་ཇ་མངར་མོས་ཞིམ་སྣང་དྲན་ཐལ།།

ཆུང་འདྲེས་སྨིན་ཐང་བུ་མོས་བརྩེ་བ་དྲན་ཐལ།།

མི་ཁའི་ལྷག་རླུང་ལྡང་བའི་གྲོང་ཁྱེར་རེ་ནས།།

དྲན་གཞས་མིག་ཆུར་འཐིམས་སོང་སྨིན་ཐང་བུ་མོ།།

གྲོགས་པོས་བཤད་ན་ཁྱོད་རང་སྨྱོས་འདུག་ཟེར་སྐད།།

གྲོགས་མོས་བསམ་ན་ང་རང་བཟི་སོང་བསམ་ཡོད༌།

སྙན་ངག་སྨྱུག་རྩེར་འབབ་པའི་འཁྱམ་པོ་ང་ཡིས།།

ཁྱོད་ཉིད་དྲན་པ་མང་སོང་སྨིན་ཐང་བུ་མོ།།

ཁྱོད་ཉིད་དྲན་པའི་སྙིང་ཆུང་ལྡིང་ཚད་མཐོ་འདུག།

མིག་ཆུ་བཞུར་བའི་མིག་གཉིས་ལོང་ན་ཐང་གི།

ཡིད་སེམས་རབ་ཏུ་མྱོས་པའི་ཉི་མ་འདི་ལ།།

གནམ་ས་འུ་གཉིས་དབང་བའི་ཁྱིམ་གཞི་བྱེད་འདོད།།

གུ་དོག་འཇིག་རྟེན་འདི་ནས་མི་ཁ་བཙན་སོང༌།།

འཁྱམ་པོ་འཇིགས་བྱེད་ང་ལ་སྙན་ངག་མང་སོང༌།།

བརྗོད་བྱ་གསོན་པོ་བྲིས་པའི་མྱོང་བ་འདི་འདྲ།།

སྨྱུག་འཛིན་མཁས་པའི་གྲལ་ནས་གཟི་བརྗིད་ལོས་ཡིན།།

མ་བརྟག་སེམས་ཀྱི་འཆར་ཡན་འཛིན་ཐུབ་དཀའ་ཡང༌།།

བརྟག་ཚེ་མི་ལ་སེམས་པ་གཅིག་ལས་མེད་པས།།

དྲན་ཤེས་མཐུར་ཡན་ཤོར་བའི་མི་བུ་ང་ལ།།

ཆུང་འདྲིས་སྨིན་ཐང་བུ་མོས་བརྩེ་བ་མཁོ་འདུག།

སྤྲིན་གྱིས་མེ་ཏོག་འཐོར་བའི་དབྱར་གྱི་འཇའ་ཚོན།།

བྱམས་པ་བརྩེ་དུང་ཅན་གྱི་སྐྱེ་གཟུགས་ཡིན་པས།།

འཁྲེང་སེམས་སྨུག་དང་འདྲེས་པའི་བདག་གི་སྙན་ངག།

ཁྱོད་ཀྱི་མགུལ་རྒྱན་བྱས་ཆོག་སྨིན་ཐང་བུ་མོ།།

དྲིན་ཆེན་ཕ་མའི་ཁྱེད་ལ་བྱམས་སྐྱོང་བྱས་མྱོང༌།།

འདང་ཆེན་རོགས་ལོས་ཁྱེད་དང་འཚོ་བ་རོལ་ཆོག།

དམིགས་ཡུལ་གཅིག་པའི་བདག་གི་སེམས་ཀྱི་ཕྱེད་ཀ།

འདུན་པ་བརྟན་པོར་གནས་ཡོད་སྨིན་ཐང་བུ་མོ།།

མིག་ཆུའི་བྲང་གཞུང་བརླན་ཚེ་འཁྱག་སབ་སིབ།།

སེམས་པའི་སྡུག་བསྔལ་མྱང་ན་ཚ་ཤུར་ཤུར།།

བྱམས་པ་ཡིད་ལ་འཆར་ན་མིག་རབ་རིབ།།

བདག་ཡིད་དྲན་པ་བཟི་ན་སྐྱོ་ལྷང་ལྷང༌།།

སེམས་པ་ཁྱོད་ལ་འཁྲེང་བའི་ལོ་རྒྱུས་རིང་མོ།།

དྲན་གདུང་མིག་ཆུའི་འཕྲིན་པ་ཤོག་དཀར་སྟེང་དུ།།

སྒྱུ་རྩལ་སྨྱུ་གུའི་ལམ་ནས་འཁྱུག་འཁྱུག་བྲིས་ཚེ།།

ཁྱེད་ཀྱི་ཁྲ་ཆུང་མིག་གི་གཟིགས་མོར་མཛོད་ཅིག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བའི་རྒྱལ་ཁམས་ནས་བླངས་པའི་གླུ།

2010-05-07 མགོ་ལོག་པ་འཇིགས་བྱེད་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།