ཡར་ཀླུང་ནས་བོར་ཟིན་པའི་རང་ཉིད་འཚོལ་བ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-04

ཉི་ཟླ་ལས་སྔ་བའི་དུས་ཚིགས་ཀྱི་ཕ་རོལ་དུ།
རི་རབ་ལས་བརླིང་བའི་གཏམ་རྒྱུད་ཀྱི་མཛེས་པ།
དབྱར་ལྗོངས་ཤིག་གི་མེ་ཏོག་གི་གྲངས་ཀ་ལས་མང་མོད།
འགྲོས་མི་མཉམ་པའི་གོམ་སྒྲ་རེ་རེ།
ཉམས་རྒུད་ཀྱི་དབུགས་རྒྱུན་དང་མཉམ་དུ་སྡེབ་པས།
དེ་ནས་བཟུང་གསོན་ཤུགས་བཀྲ་བའི་རི་ལུང་གི་རྣམ་ཤེས་་་
དམར་རྗེན་ཚོ་ཡང༌།
བྱ་འུག་ལྟར་མཚན་སྨག་གི་འཇིངས་སུ་ཡིབ།

རྙིང་སོང་བའི་སྦྲ་ནག་ལེབ་མོའི་པང་ཁར།
མག་མོག་གི་ཚེ་འབར་དེ་སྔར་བས་རྒས་རྐྱེན།
ལས་དབང་དམན་པའི་སྐར་ཚོམ་དག་གི་མིག་ཆུ་ཐིགས་པ་རེ།
སྲིད་པའི་ཆུ་བོ་དེའི་ན་ཟུག་ཏུ་སྦྲུམ།
ལྷིང་འཇགས་ཀྱི་ཤམ་ཆུས་ཅི་ཞིག་ལ་མེལ་ཚེ་བྱེད།
ཨོ། གནའ་བོའི་ཤེས་རིག་གི་བཙན་ས།

མཐོ་བོད་ཀྱི་ལང་ཚོའི་བདེན་རྟགས་སུ་གྲུབ་པའི་བླ་མཁར།
རྡུལ་འཚུབ་དང་ཁེར་རྐྱང་གི་གཟིམ་མལ་དུ་རྒྱུན་རིང་ལུས་དུས།
ཆེས་ཐོག་མའི་རྒྱལ་སྲས་ཤིག་གི་རྣམ་ཤེས།
ཡང་ཤི་ཡང་གསོན་གྱི་སྒོ་ནས་འདུར་ཅིང་རྒྱུག
མུ་མཐའ་མེད་པ་དེའི་གཞི་རུ།
ཕ་མེས་ཀྱི་གཡང་སྐལ་དུ་སྒོམ་པའི་གཉན་པོ་གསང་བ་་་་
གང་ནས་གང་དུ་བོར་སོང་བ་ཡིན།

ཉག་ཕྲ་བའི་ནམ་ཟླ་འདིར།
མིག་ཆུ་དང་མཉམ་དུ་བཞུར་འདོད་པའི་ཚེ་སྲོག་གི་དཔུང་ཚོ་ཞིག
དུས་རབས་ཀྱི་སྒལ་ཚིགས་ནས་མེ་ལྕེ་དང་ལྷན་དུ་འབར་དགོས་ལ།
ཕུགས་བསམ་གྱི་བྱ་ལམ་སྟེང་རླུང་རྟ་དང་མཉམ་པོར་འཕུར་དགོས་ཤིང༌།
རེ་སྙེག་གི་མཚོ་ཀློང་དུ་རླབས་རྒྱུན་དང་གཅིག་ཏུ་གཞོལ་དགོས།
ཇི་སྲིད་ཕ་རུས་དཀར་པོའི་མགོ་ཁུངས་མ་རྙེད་བར་དུ།
འཚོལ་་་་་་་་་་་་་་་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡར་ཀླུང་ནས་བོར་ཟིན་པའི་རང་ཉིད་འཚོལ་བ།

2010-05-04 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

ཉི་ཟླ་ལས་སྔ་བའི་དུས་ཚིགས་ཀྱི་ཕ་རོལ་དུ།
རི་རབ་ལས་བརླིང་བའི་གཏམ་རྒྱུད་ཀྱི་མཛེས་པ།
དབྱར་ལྗོངས་ཤིག་གི་མེ་ཏོག་གི་གྲངས་ཀ་ལས་མང་མོད།
འགྲོས་མི་མཉམ་པའི་གོམ་སྒྲ་རེ་རེ།
ཉམས་རྒུད་ཀྱི་དབུགས་རྒྱུན་དང་མཉམ་དུ་སྡེབ་པས།
དེ་ནས་བཟུང་གསོན་ཤུགས་བཀྲ་བའི་རི་ལུང་གི་རྣམ་ཤེས་་་
དམར་རྗེན་ཚོ་ཡང༌།
བྱ་འུག་ལྟར་མཚན་སྨག་གི་འཇིངས་སུ་ཡིབ།

རྙིང་སོང་བའི་སྦྲ་ནག་ལེབ་མོའི་པང་ཁར།
མག་མོག་གི་ཚེ་འབར་དེ་སྔར་བས་རྒས་རྐྱེན།
ལས་དབང་དམན་པའི་སྐར་ཚོམ་དག་གི་མིག་ཆུ་ཐིགས་པ་རེ།
སྲིད་པའི་ཆུ་བོ་དེའི་ན་ཟུག་ཏུ་སྦྲུམ།
ལྷིང་འཇགས་ཀྱི་ཤམ་ཆུས་ཅི་ཞིག་ལ་མེལ་ཚེ་བྱེད།
ཨོ། གནའ་བོའི་ཤེས་རིག་གི་བཙན་ས།

མཐོ་བོད་ཀྱི་ལང་ཚོའི་བདེན་རྟགས་སུ་གྲུབ་པའི་བླ་མཁར།
རྡུལ་འཚུབ་དང་ཁེར་རྐྱང་གི་གཟིམ་མལ་དུ་རྒྱུན་རིང་ལུས་དུས།
ཆེས་ཐོག་མའི་རྒྱལ་སྲས་ཤིག་གི་རྣམ་ཤེས།
ཡང་ཤི་ཡང་གསོན་གྱི་སྒོ་ནས་འདུར་ཅིང་རྒྱུག
མུ་མཐའ་མེད་པ་དེའི་གཞི་རུ།
ཕ་མེས་ཀྱི་གཡང་སྐལ་དུ་སྒོམ་པའི་གཉན་པོ་གསང་བ་་་་
གང་ནས་གང་དུ་བོར་སོང་བ་ཡིན།

ཉག་ཕྲ་བའི་ནམ་ཟླ་འདིར།
མིག་ཆུ་དང་མཉམ་དུ་བཞུར་འདོད་པའི་ཚེ་སྲོག་གི་དཔུང་ཚོ་ཞིག
དུས་རབས་ཀྱི་སྒལ་ཚིགས་ནས་མེ་ལྕེ་དང་ལྷན་དུ་འབར་དགོས་ལ།
ཕུགས་བསམ་གྱི་བྱ་ལམ་སྟེང་རླུང་རྟ་དང་མཉམ་པོར་འཕུར་དགོས་ཤིང༌།
རེ་སྙེག་གི་མཚོ་ཀློང་དུ་རླབས་རྒྱུན་དང་གཅིག་ཏུ་གཞོལ་དགོས།
ཇི་སྲིད་ཕ་རུས་དཀར་པོའི་མགོ་ཁུངས་མ་རྙེད་བར་དུ།
འཚོལ་་་་་་་་་་་་་་་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།