མི་ལ་རས་པ།

ན་བུན་གྱིས་འཁྱུད་པའི་གངས་ཁྲོད་ནས།།

ཉམས་རྟོགས་ཀྱི་མགུར་གླུ་ལྷོད་ཀྱིས་འཐེན།།

འབྱུང་པོ་དང་ཤ་ཟའི་ཚོགས་ཀྱིས་ཀྱང༌།།

དད་དུང་གི་མཆི་མ་ཤམ་ཤམ་གསིལ།།

 

ཆོས་བརྒྱད་ཀྱི་འཆིང་ཐག་དུམ་བུར་གཏུབས།།

གཡེང་བག་གི་རྫ་བུམ་སིལ་བུར་བཅག།

ཆོག་ཤེས་ཀྱི་ན་ཆུང་བག་མར་བསུས།།

ཚེ་གཅིག་ལ་འཇའ་ལུས་ཆོས་སྐུ་བརྙེས།།

 

གོས་མེད་ཀྱི་སྐུ་ཤ་རིད་ཅིང་སྔོ།།

འགག་མེད་ཀྱི་གསུང་དབྱངས་སྙན་ཞིང་འཇེབས།།

ཞུམ་མེད་ཀྱི་ཐུགས་དགོངས་ཟབ་ཅིང་བརླིང༌།།

གངས་ཐང་གི་སྤྲང་པོར་བདག་ཕྱག་འཚལ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ལ་རས་པ།

2010-05-03 རྨ་ཞོགས་རླུང་། ཀློག་གྲངས། མཆན ཡོད།

ན་བུན་གྱིས་འཁྱུད་པའི་གངས་ཁྲོད་ནས།།

ཉམས་རྟོགས་ཀྱི་མགུར་གླུ་ལྷོད་ཀྱིས་འཐེན།།

འབྱུང་པོ་དང་ཤ་ཟའི་ཚོགས་ཀྱིས་ཀྱང༌།།

དད་དུང་གི་མཆི་མ་ཤམ་ཤམ་གསིལ།།

 

ཆོས་བརྒྱད་ཀྱི་འཆིང་ཐག་དུམ་བུར་གཏུབས།།

གཡེང་བག་གི་རྫ་བུམ་སིལ་བུར་བཅག།

ཆོག་ཤེས་ཀྱི་ན་ཆུང་བག་མར་བསུས།།

ཚེ་གཅིག་ལ་འཇའ་ལུས་ཆོས་སྐུ་བརྙེས།།

 

གོས་མེད་ཀྱི་སྐུ་ཤ་རིད་ཅིང་སྔོ།།

འགག་མེད་ཀྱི་གསུང་དབྱངས་སྙན་ཞིང་འཇེབས།།

ཞུམ་མེད་ཀྱི་ཐུགས་དགོངས་ཟབ་ཅིང་བརླིང༌།།

གངས་ཐང་གི་སྤྲང་པོར་བདག་ཕྱག་འཚལ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།