གངས་འདབས་ཀྱི་སྙན་ངག་པ།

བླ་ནག་པ་སྐལ་ལྡན་རྒྱ་མཚོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-03

 

 

 

 

                                                                     འཇུ་སྐལ་བཟང་དང་ཐོག་མར་ཕྲད་པ།                                 

གངས་ཀྱི་གཏམ་རྒྱུད་ཀྱིས་བདག་གི་རྨི་ལམ་དཀྲོགས་པའི་ཚེ་ན།

བདག་རྨ་ཆེན་གངས་རིའི་རྩེ་རུ་གངས་སེང་ཡོད་མེད་འཚོལ་བར་ཆས།

བྱང་ཤར་གྱི་དྲག་རླུང་རྒོད་དྲགས་པས་ཡིན་ནམ།

གངས་རི་ས་རྡུལ་གྱིས་ཟིན་འདུག་ཅིང་།

གངས་སེང་དཀར་མོ་དེའང་སྔ་མོ་ནས་ཡུལ་གྱར་དུ་ཕྱིན་ཚར་འདུག

བདག་གིས་རྨ་ཆེན་གངས་རིའི་རྩེ་ནས་གངས་སེང་དཀར་མོ་མ་རྙེད་ཀྱང་།

གངས་འདབས་ནས་གངས་ཀྱི་ཁྱེའུ་ལྟ་བུའི་སྙན་ངག་པ་ཞིག་དང་འཕྲད་བྱུང་།

དེས་ཅི་ཞིག་གི་ཚབ་བྱེད་ཐུབ་ཨང་།

མཐོ་སྒང་གི་འབྲོག་ལྗོངས་འདི་ནས་བདག་གིས་འབྲོང་གཡག་གི་ངུར་སྒྲ་ཐོས་པར་མ་གྱུར་ཀྱང་།

ལྷད་མེད་རྣམ་དག་གི་འབྲོག་གཤིས་སྲུང་བའི་བོད་པ་གཤའ་མ་ཞིག་གི་གླུ་སྐད་ཐོས་བྱུང་།

དེ་ནི་འཇིག་རྟེན་གྱི་ཆེས་མཐོ་ས་ནས་ཐོས་པའི་སྙན་ངག་གི་ང་རོ་ཡིན་ན།

དེས་བདག་གི་རེ་འདུན་དང་འཚོལ་སྙེག་གི་དགོས་མཁོ་ཡོངས་སུ་སྐོང་ལོས་ཐུབ།

གངས་འདབས་ཀྱི་སྙན་ངག་པ་ཡ།

ཁྱོད་ཀྱི་སྙན་ངག་ནི་གངས་སེང་གི་གད་རྒྱངས་བཞིན་འདི་ན་མཆེད།

ཁྱོད་ཀྱི་བདེན་ཚིག་ནི་འབྲོང་གཡག་གི་ངར་སྒྲ་བཞིན་འདི་ན་སྒྲོག

ད་དུང་།  གཞུང་དྲང་གི་གཤིས་རྒྱུད་ཀྱིས་བསྐྱེད་པའི་དྲང་བདེན་གྱི་བསམ་བློ་རླབས་ཆེན།

དཔའ་མཛངས་དང་རྟུལ་ཕོད་ཀྱིས་བཏེགས་པའི་རྟོག་སད་ཀྱི་མྱི་སྐད་གསོན་པོ།

གངས་འདབས་ཀྱི་སྙན་ངག་པ་ཁྱེད་དང་འཕྲད་པས།

ངས་གངས་ལྷ་མེ་ཏོག་ལྟ་བུའི་སྙན་ངག་གི་མཛེས་སྡུག་དེ་དངོས་སུ་རིག་ཐུབ་སོང་ལ།

ངས་ད་དུང་།  བྱམས་སེམས་དང་བརྩེ་དུང་གིས་ཕྱུག་པའི་བོད་མི་ངོ་མ་ཞིག་གི་སྣང་བརྙན་དེའང་བསྐྱར་དུ་མཐོང་ཐུབ་བྱུང་།

དེས་ནི་གངས་རི་ས་རྡུལ་གྱིས་གཡོགས་པའི་ན་ཟུག་འཕྲལ་མར་སེལ་ཐུབ་ལ།

གངས་སེང་མཇལ་སྐལ་མ་ལྡན་པའི་ཕངས་སེམས་ཀྱང་གློ་བུར་བག་ལ་ཞ་རུ་འཇུག་ཐུབ་པ་འདྲ།

                                                                         2010.4.30ལ།

 

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གངས་འདབས་ཀྱི་སྙན་ངག་པ།

2010-05-03 བླ་ནག་པ་སྐལ་ལྡན་རྒྱ་མཚོ། ཀློག་གྲངས། མཆན ཡོད།

 

 

 

 

                                                                     འཇུ་སྐལ་བཟང་དང་ཐོག་མར་ཕྲད་པ།                                 

གངས་ཀྱི་གཏམ་རྒྱུད་ཀྱིས་བདག་གི་རྨི་ལམ་དཀྲོགས་པའི་ཚེ་ན།

བདག་རྨ་ཆེན་གངས་རིའི་རྩེ་རུ་གངས་སེང་ཡོད་མེད་འཚོལ་བར་ཆས།

བྱང་ཤར་གྱི་དྲག་རླུང་རྒོད་དྲགས་པས་ཡིན་ནམ།

གངས་རི་ས་རྡུལ་གྱིས་ཟིན་འདུག་ཅིང་།

གངས་སེང་དཀར་མོ་དེའང་སྔ་མོ་ནས་ཡུལ་གྱར་དུ་ཕྱིན་ཚར་འདུག

བདག་གིས་རྨ་ཆེན་གངས་རིའི་རྩེ་ནས་གངས་སེང་དཀར་མོ་མ་རྙེད་ཀྱང་།

གངས་འདབས་ནས་གངས་ཀྱི་ཁྱེའུ་ལྟ་བུའི་སྙན་ངག་པ་ཞིག་དང་འཕྲད་བྱུང་།

དེས་ཅི་ཞིག་གི་ཚབ་བྱེད་ཐུབ་ཨང་།

མཐོ་སྒང་གི་འབྲོག་ལྗོངས་འདི་ནས་བདག་གིས་འབྲོང་གཡག་གི་ངུར་སྒྲ་ཐོས་པར་མ་གྱུར་ཀྱང་།

ལྷད་མེད་རྣམ་དག་གི་འབྲོག་གཤིས་སྲུང་བའི་བོད་པ་གཤའ་མ་ཞིག་གི་གླུ་སྐད་ཐོས་བྱུང་།

དེ་ནི་འཇིག་རྟེན་གྱི་ཆེས་མཐོ་ས་ནས་ཐོས་པའི་སྙན་ངག་གི་ང་རོ་ཡིན་ན།

དེས་བདག་གི་རེ་འདུན་དང་འཚོལ་སྙེག་གི་དགོས་མཁོ་ཡོངས་སུ་སྐོང་ལོས་ཐུབ།

གངས་འདབས་ཀྱི་སྙན་ངག་པ་ཡ།

ཁྱོད་ཀྱི་སྙན་ངག་ནི་གངས་སེང་གི་གད་རྒྱངས་བཞིན་འདི་ན་མཆེད།

ཁྱོད་ཀྱི་བདེན་ཚིག་ནི་འབྲོང་གཡག་གི་ངར་སྒྲ་བཞིན་འདི་ན་སྒྲོག

ད་དུང་།  གཞུང་དྲང་གི་གཤིས་རྒྱུད་ཀྱིས་བསྐྱེད་པའི་དྲང་བདེན་གྱི་བསམ་བློ་རླབས་ཆེན།

དཔའ་མཛངས་དང་རྟུལ་ཕོད་ཀྱིས་བཏེགས་པའི་རྟོག་སད་ཀྱི་མྱི་སྐད་གསོན་པོ།

གངས་འདབས་ཀྱི་སྙན་ངག་པ་ཁྱེད་དང་འཕྲད་པས།

ངས་གངས་ལྷ་མེ་ཏོག་ལྟ་བུའི་སྙན་ངག་གི་མཛེས་སྡུག་དེ་དངོས་སུ་རིག་ཐུབ་སོང་ལ།

ངས་ད་དུང་།  བྱམས་སེམས་དང་བརྩེ་དུང་གིས་ཕྱུག་པའི་བོད་མི་ངོ་མ་ཞིག་གི་སྣང་བརྙན་དེའང་བསྐྱར་དུ་མཐོང་ཐུབ་བྱུང་།

དེས་ནི་གངས་རི་ས་རྡུལ་གྱིས་གཡོགས་པའི་ན་ཟུག་འཕྲལ་མར་སེལ་ཐུབ་ལ།

གངས་སེང་མཇལ་སྐལ་མ་ལྡན་པའི་ཕངས་སེམས་ཀྱང་གློ་བུར་བག་ལ་ཞ་རུ་འཇུག་ཐུབ་པ་འདྲ།

                                                                         2010.4.30ལ།

 

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།