ས་མཐའི་སེམས་པ་བརྡབས་པའི་གླུ་ཚན།

རྒོད་རྒྱལ་བློ་ཕུན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-03

རིང་ནས་རྒྱང་བའི་ཕ་ཡུལ་གྱི་ཕྱོཊ་ལ། །

དྲན་གདུང་བློ་ཁའི་བརྡ་འཕྲིན་འདི་བསྐུར་བས། །

ཆ་མེད་གཞན་ཡུལ་ས་མཐའ་ཡི་བདེ་སྡུག །

ཡུག་གཅིག་སྐད་བརྡའི་ཁྲོད་དུ་ནི་ཆད་སོང༌། །

 

ཞིང་ཐང་ལོ་ཏོག་མགོ་བོ་ཉིད་ལྡེམ་པའི། །

དྭངས་ཆུ་བསིལ་མས་གླུ་དབྱངས་རེ་ལེན་པའི། །

རི་ཀླུང་སྔོ་མདོག་རྒྱན་གྱིས་ནི་བཀླུབས་པའི། །

གཉལ་གཞུང་ཕ་ཡུལ་ལུང་བ་ནི་སྐྱིད་སོང༌། །

 

དྲིན་ཅན་ཨ་མའི་འཛུམ་ཞལ་འདི་དྲན་ངོར། །

དྲན་པའི་རི་མོ་རབ་རིབ་ཀྱི་རྨི་ལམ། །

ཧད་དེ་གཉིད་ལས་འགྲེང་བ་ནི་སྡུག་གཅིག །

ཐག་རིང་རྒྱང་གི་ཨ་མ་རང་དྲན་སོང༌། །

 

སྐྲ་ལོ་སེ་དུས་འགྲོ་ལ་ནི་ཉེ་སོང༌། །

རི་ལམ་ཀྱག་ཀྱོག་འབའ་མོ་ཡི་རྗེས་སྔར། །

མི་ཚེ་གཏམ་རྒྱུད་ངོ་མཚར་གྱི་གསང་བ། །

རྣམ་དཀར་དགེ་བཟང་ཡབ་ཆེན་ནི་དྲན་སོང༌། །

 

ས་མཐའི་གཞན་ཡུལ་སྐྱིད་རྒྱུ་རང་མཐོང་ཡང༌། །

སྒེའུ་ཁུང་ཕྱི་རོལ་ཁ་ཆར་འདི་བརླན་པའི། །

 

གྲང་རེག་སེམས་པ་རླུང་བཙག་གིས་བསྐྱོད་དུས། །

སྟོན་རླུང་བསིལ་མོའི་བསུང་ཞིམ་ནི་ཡལ་སོང༌། །

 

ཆོས་ནི་མ་དར་མཐའ་འཁོབས་ཀྱི་ས་མཐའ། །

བྱམས་དང་སྙིང་རྗེ་རྒྱུ་འབྲས་རང་མེད་ན། །

རང་དོན་གཉའ་གོང་གང་ཙམ་གྱི་ཚད་དུ། །

ཁོར་ཡུག་དོག་རྒྱ་ཇེ་ཆུང་དུ་བཏང་སོང༌། །

 

ས་མཐའི་དམན་ཆུང་ཁྲ་ཚོས་ཀྱིས་བརྒྱན་ཡང༌། །

རང་སེམས་དྭངས་མའི་འོད་ཐིཊ་ཤིག་མེད་ན། །

ཁྲོམ་སྲང་ཁྱི་རྒན་ལྟོ་རྒྱུག་རང་མཐོང་ཚེ། །

ས་མཐའི་མི་ཆོས་མི་ལུཊ་ནི་བོར་སོང༌། །

 

ལས་དང་རླུང་བུའི་དཀྱོམས་ཤུཊ་ཀྱི་བར་ནས། །

ཁེར་རྐྱང་སེམས་ངལ་བཞེངས་བ་འདི་རང་ཉིད། །

ས་མཐའི་སྙན་ངག་དམར་བོ་སྟེ་སྨྲེང་གླུ། །

ཡུན་ནས་བརྡབས་པའི་རྨ་ཁ་འདི་གསོ་རོཊ། །

      

 2010ལོའི་ཟླ་3ཚེས་20ཉིན་ས་མཐའ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་མཐའི་སེམས་པ་བརྡབས་པའི་གླུ་ཚན།

2010-05-03 རྒོད་རྒྱལ་བློ་ཕུན། ཀློག་གྲངས། མཆན ཡོད།

རིང་ནས་རྒྱང་བའི་ཕ་ཡུལ་གྱི་ཕྱོཊ་ལ། །

དྲན་གདུང་བློ་ཁའི་བརྡ་འཕྲིན་འདི་བསྐུར་བས། །

ཆ་མེད་གཞན་ཡུལ་ས་མཐའ་ཡི་བདེ་སྡུག །

ཡུག་གཅིག་སྐད་བརྡའི་ཁྲོད་དུ་ནི་ཆད་སོང༌། །

 

ཞིང་ཐང་ལོ་ཏོག་མགོ་བོ་ཉིད་ལྡེམ་པའི། །

དྭངས་ཆུ་བསིལ་མས་གླུ་དབྱངས་རེ་ལེན་པའི། །

རི་ཀླུང་སྔོ་མདོག་རྒྱན་གྱིས་ནི་བཀླུབས་པའི། །

གཉལ་གཞུང་ཕ་ཡུལ་ལུང་བ་ནི་སྐྱིད་སོང༌། །

 

དྲིན་ཅན་ཨ་མའི་འཛུམ་ཞལ་འདི་དྲན་ངོར། །

དྲན་པའི་རི་མོ་རབ་རིབ་ཀྱི་རྨི་ལམ། །

ཧད་དེ་གཉིད་ལས་འགྲེང་བ་ནི་སྡུག་གཅིག །

ཐག་རིང་རྒྱང་གི་ཨ་མ་རང་དྲན་སོང༌། །

 

སྐྲ་ལོ་སེ་དུས་འགྲོ་ལ་ནི་ཉེ་སོང༌། །

རི་ལམ་ཀྱག་ཀྱོག་འབའ་མོ་ཡི་རྗེས་སྔར། །

མི་ཚེ་གཏམ་རྒྱུད་ངོ་མཚར་གྱི་གསང་བ། །

རྣམ་དཀར་དགེ་བཟང་ཡབ་ཆེན་ནི་དྲན་སོང༌། །

 

ས་མཐའི་གཞན་ཡུལ་སྐྱིད་རྒྱུ་རང་མཐོང་ཡང༌། །

སྒེའུ་ཁུང་ཕྱི་རོལ་ཁ་ཆར་འདི་བརླན་པའི། །

 

གྲང་རེག་སེམས་པ་རླུང་བཙག་གིས་བསྐྱོད་དུས། །

སྟོན་རླུང་བསིལ་མོའི་བསུང་ཞིམ་ནི་ཡལ་སོང༌། །

 

ཆོས་ནི་མ་དར་མཐའ་འཁོབས་ཀྱི་ས་མཐའ། །

བྱམས་དང་སྙིང་རྗེ་རྒྱུ་འབྲས་རང་མེད་ན། །

རང་དོན་གཉའ་གོང་གང་ཙམ་གྱི་ཚད་དུ། །

ཁོར་ཡུག་དོག་རྒྱ་ཇེ་ཆུང་དུ་བཏང་སོང༌། །

 

ས་མཐའི་དམན་ཆུང་ཁྲ་ཚོས་ཀྱིས་བརྒྱན་ཡང༌། །

རང་སེམས་དྭངས་མའི་འོད་ཐིཊ་ཤིག་མེད་ན། །

ཁྲོམ་སྲང་ཁྱི་རྒན་ལྟོ་རྒྱུག་རང་མཐོང་ཚེ། །

ས་མཐའི་མི་ཆོས་མི་ལུཊ་ནི་བོར་སོང༌། །

 

ལས་དང་རླུང་བུའི་དཀྱོམས་ཤུཊ་ཀྱི་བར་ནས། །

ཁེར་རྐྱང་སེམས་ངལ་བཞེངས་བ་འདི་རང་ཉིད། །

ས་མཐའི་སྙན་ངག་དམར་བོ་སྟེ་སྨྲེང་གླུ། །

ཡུན་ནས་བརྡབས་པའི་རྨ་ཁ་འདི་གསོ་རོཊ། །

      

 2010ལོའི་ཟླ་3ཚེས་20ཉིན་ས་མཐའ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།