ང་ཡི་ཕ་གཞིས་ཤིག་ཤིག་གཡོས་བྱུང༌།

                                             --------ཡུལ་ཤུལ་ལ་ཕུལ་བ།

སྲ་གཟུགས་སུ་གྱུར་བའི་ས་སྙིང་མཁྲེགས་པོ

རྒྱ་མཚོའི་འཇིངས་ལས་འཁྲུངས་ཤིང་སྲིད་པའི་རྩེ་མོར་འཕགས

དེ་ཡི་མིང་ལ་བསིལ་ལྡན་གངས་ལྗོངས་ཟེར

རླུང་གིས་ཟད་ཅིང་ཆར་ཆུས་རལ་བའི་དར་ལྕོག་རལ་བོས

ཡུལ་འདིའི་ལྷིང་འཇགས་ཀྱི་ལོ་ཟླ་རུམ་ནས་ཡུན་རིང་ཕྱིན

ཏག་ཏག་དེ་རིང

ཕ་གཞིས་ཀྱི་རི་ལུང་འགུལ་ཉེས་ཤིག་གིས

ཚེ་སྲོག་གི་གོང་བུ་རེ་རེ་སིལ་བུར་འཐོར

ཡིད་འོང་གི་རྨི་ལམ་རེ་རེ་བགས་ཀྱིས་གས

ཀྱེ་ཀྱེ   ང་ཡི་ས་ཆེན་ལགས

ཞེན་ཆགས་ལྕི་བའི་མ་ཡུམ་ཚོའི་རྣམ་ཤེས་གང་དུ་འཕོ

ཁེར་བུར་ལུས་པའི་དྭ་ཕྲུག་གི་སེམས་རྩ་ཇི་ལྟར་བསྲོ

གངས་དཀར་པོའི་འཁྲིས་ཀྱི      ཞིང་གྲུ་བཞིའི་གུད་ཀྱི

ང་ཡི་ཡུལ་ཤུལ་མི་དམངས་ལགས

ནམ་མཁའ་གཡའ་དྭངས་ལ་ས་གཞི་རྡུལ་དག་པའི

ངའི་སྙིང་གི་ཕ་གཞིས་འདི་ལྟར་འཇིག

ངའི་སེམས་ཀྱི་སྤུན་ཟླ་འདི་ལྟར་ཤོར

ད་ལྟ   ང་ཡིས་སྙན་ངག་གི་རྡུལ་ཕྲན་རི་རབ་ལྟར་བརྩིགས་ནས

ཕ་གཞིས་ཀྱི་སེར་ཀ་ལག་པས་བསྲུབ་དགོས

ད་ལྟ   ང་ཡིས་བརྩེ་སེམས་ཀྱི་ཁྲག་དྲོན་མཚོ་རུ་བསྐྱིལ་ནས

སྤུན་ཟླ་ཡི་དབུགས་རྒྱུན་ཡུན་དུ་བསྲིང་དགོས

དཔའ་མཛངས་ཀྱི་སྙིང་རུས་མཁྲེགས་པའི་ཡུལ་ཤུལ་བ

སྐྱོ་སྡུག་གི་མིག་ཆུ་ཁྱོར་བ་བྱས་ཏེ་ས་ལ་མ་སྟིམས་དང

ཡིད་ཆད་ཀྱི་དངན་པ་ཤུགས་ཀྱིས་འཐེན་ཏེ་དབྱིངས་སུ་མ་སྤུར་དང

འཛམ་གླིང་ཤར་ནུབ་ཀྱི་སྐྱེ་འགྲོ་རེ་རེས

འོད་སྣང་ལམ་ལམ་གྱི་མཆོད་མེ་གྲངས་མེད་ཅིག་ཁྱེད་ཚོར་སྒྲོན་ཡོད

ཁྲག་དམར་ཙར་ཙར་གྱི་སྙིང་ཆུང་གསོན་པོ་རེ་ཁྱེད་ཚོར་བཏེགས་ཡོད

ཀྱེ་ཧུད  མྱ་ངན་གྱིས་ཀུན་ནས་གཟིར་བའི་ང་ཡི་སྤུན་ཟླ

ཚེ་སྲོག་གི་ལྗང་མྱུག་སླར་ཡང་འབུས་སྲིད་ལ

བདེ་སྐྱིད་ཀྱི་གླུ་སྐད་བསྐྱར་དུ་ཐོས་ཐུབ

དེ་བས      ལག་ཟུང་དགུང་དུ་ཕྱར་ཏེ་ཀི་ཞིག་ཐོབས་དང

འཇིག་རྟེན་གྱི་བརྩེ་བ་མ་ལུས་ཁྱེད་ཚོར་དབང་ངེས

2010-4-16ཉིན་གནམ་འོག་གི་རྨ་ཁུག་དང་པོ་ནས་སྤྲིངས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་ཕ་གཞིས་ཤིག་ཤིག་གཡོས་བྱུང༌།

2010-05-01 དཀོམ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།