ཕྱིར་དྲན་ཐེངས་གཅིག་གི་ངུ་བཤུམ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-01

ནམ་ཟླ་རྫོགས་པའི་སྟོན་མཐའི་མཚན་རུམ་དུ།

ང་ཁེ་རུ་མར་གཙང་འགྲམ་དུ་ཐོ་ཡོར་བཞིན་འགྲེངས།

 

ཕྱིར་དྲན་ཐེངས་གཅིག་གི་ངུ་བཤུམ་ཀློང་ན།

མིག་ཆུ་རྡོག་པོ་རེ་དང་དངན་པ་རིང་པོ་ཞིག

འཁྱག་སིབ་སིབ་ཀྱི་མི་ཡུལ་འདི་ནས།

རི་བོའི་ཕ་རོལ་དུ་ཡིབ་པའི་ལྷ་བྱ་གང་དེར།

 

མདང་དགོང༌། སྦི་རག་གི་བཟི་ཁ་རྐྱེན་པས་ཡིན་ནམ།

ཡང་ན། དྲན་འཆར་ལ་གདུང་བ་ཟབ་པས་ཅི།

སྙིང་གཏམ་ཡོད་ཚད་ཟླ་བའི་ཚེས་རིས་ལ་བཞོན་ཏེ།

སྙན་དངགས་ལྗང་ཁུ་ཞིག་སྟོན་རླུང་དང་མཉམ་དུ་འཕུར།

 

དུས་དེར། ཟླ་ཟེགས་དང་གཙང་པོའི་རླབས་ངོགས་ན།

ཁོ་མོའི་སིལ་ཏོག་གི་བཞིན་འཛུམ་སྔར་བས་འཚེར་ལ།

སྟོན་རླུང་དང་སྡོང་ལོའི་འཆང་རོལ་ནས།

ཁོ་མོའི་ཡང་གཡོའི་རྐང་སྟབས་ཀྱི་རོལ་དབྱངས་ལྷང་ལྷང་དུ་གྲགས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་ཐེངས་གཅིག་གི་ངུ་བཤུམ།

2010-05-01 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

ནམ་ཟླ་རྫོགས་པའི་སྟོན་མཐའི་མཚན་རུམ་དུ།

ང་ཁེ་རུ་མར་གཙང་འགྲམ་དུ་ཐོ་ཡོར་བཞིན་འགྲེངས།

 

ཕྱིར་དྲན་ཐེངས་གཅིག་གི་ངུ་བཤུམ་ཀློང་ན།

མིག་ཆུ་རྡོག་པོ་རེ་དང་དངན་པ་རིང་པོ་ཞིག

འཁྱག་སིབ་སིབ་ཀྱི་མི་ཡུལ་འདི་ནས།

རི་བོའི་ཕ་རོལ་དུ་ཡིབ་པའི་ལྷ་བྱ་གང་དེར།

 

མདང་དགོང༌། སྦི་རག་གི་བཟི་ཁ་རྐྱེན་པས་ཡིན་ནམ།

ཡང་ན། དྲན་འཆར་ལ་གདུང་བ་ཟབ་པས་ཅི།

སྙིང་གཏམ་ཡོད་ཚད་ཟླ་བའི་ཚེས་རིས་ལ་བཞོན་ཏེ།

སྙན་དངགས་ལྗང་ཁུ་ཞིག་སྟོན་རླུང་དང་མཉམ་དུ་འཕུར།

 

དུས་དེར། ཟླ་ཟེགས་དང་གཙང་པོའི་རླབས་ངོགས་ན།

ཁོ་མོའི་སིལ་ཏོག་གི་བཞིན་འཛུམ་སྔར་བས་འཚེར་ལ།

སྟོན་རླུང་དང་སྡོང་ལོའི་འཆང་རོལ་ནས།

ཁོ་མོའི་ཡང་གཡོའི་རྐང་སྟབས་ཀྱི་རོལ་དབྱངས་ལྷང་ལྷང་དུ་གྲགས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།