ཁ་དོག་དཀར་དམར་ལ་འདྲེས་པའི་བུ་མོ་ཞིག

ཁྱོད་ཀྱི་སྐྱེད་ཚལ་ཟེར་བའི་རྩེད་ར་ཞིག

བུ་མོའི་སྙིང་གཏམ་ཟེར་བའི་སྐད་ཆ་ཞིག

ང་ལ་སྒོ་དང་སྒེའུ་ཁུང་མེད་པ་ཡིན་ནམ

 

གལ་ཏེ་སྐྲ་ལོ་དེ་དང་དར་ལྕོག་དེ་གཉིས་ནོར་ཡོད་ན

གལ་ཏེ་རྒྱ་མཚོ་དེ་དང་མིག་ཟུང་དེ་གཉིས་འཕྲུལ་ཡོད་ན

གལ་ཏེ་བུ་མོ་དེ་དང་མེ་ཏོག་དེ་གཉིས

གལ་ཏེ་ཁ་དོག་དེ་དང་འཇའ་ཚོན་དེ་གཉིས

ང་ནི་ད་དུང་བྲག་ཁུང་དུ་འཛུལ་ནས་སྡོད་མཁན་དེ་ཡིན་ནམ

ཁྱོད་ལ་འཕྲལ་ཀྱང་ངག་མི་ཁྲོལ་བའི་མི་དེ་ཡིན་ནམ

 

རྩྭ་ཐང་ན་མིག་ཆུ་ལྷུང་ཡོད་པའི་ཁྱོད་ཀྱི་སྔོན་ཆད

གྲོང་ཁྱེར་ན་འུར་ཟིང་རོལ་གྱིན་པའི་ད་ལྟའི་ཁྱོད་རང

མ་འོངས་ནི་འཕྲུལ་སྣང་གི་ཁྲོད་ཀྱི་རྨི་ལམ་དེའི་ཟེ་འབྲུ

དགུན་ཆང་འཐུང་མེད་པའི་ང་ནི་ར་རོའི་རིམ་པ་དུ་ལ་སླེབས

ཁྱོད་ལ་དགོས་པའི་གསལ་བཤད་དེ་གླེང་བ་ནི

དཀར་པོ་ཞིག    དམར་པོ་ཞིག

དཀར་དམར་འདྲ་མ་འདྲེས་ཤིག

             སྤྱི་ལོ༢༠༠༩ལོའི་ཟླ༩པའི་ཚེས༡༩ཉིན་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་དོག་དཀར་དམར་ལ་འདྲེས་པའི་བུ་མོ་ཞིག

2010-05-01 དུག་ཞགས། ཀློག་གྲངས། མཆན ཡོད།

ཁྱོད་ཀྱི་སྐྱེད་ཚལ་ཟེར་བའི་རྩེད་ར་ཞིག

བུ་མོའི་སྙིང་གཏམ་ཟེར་བའི་སྐད་ཆ་ཞིག

ང་ལ་སྒོ་དང་སྒེའུ་ཁུང་མེད་པ་ཡིན་ནམ

 

གལ་ཏེ་སྐྲ་ལོ་དེ་དང་དར་ལྕོག་དེ་གཉིས་ནོར་ཡོད་ན

གལ་ཏེ་རྒྱ་མཚོ་དེ་དང་མིག་ཟུང་དེ་གཉིས་འཕྲུལ་ཡོད་ན

གལ་ཏེ་བུ་མོ་དེ་དང་མེ་ཏོག་དེ་གཉིས

གལ་ཏེ་ཁ་དོག་དེ་དང་འཇའ་ཚོན་དེ་གཉིས

ང་ནི་ད་དུང་བྲག་ཁུང་དུ་འཛུལ་ནས་སྡོད་མཁན་དེ་ཡིན་ནམ

ཁྱོད་ལ་འཕྲལ་ཀྱང་ངག་མི་ཁྲོལ་བའི་མི་དེ་ཡིན་ནམ

 

རྩྭ་ཐང་ན་མིག་ཆུ་ལྷུང་ཡོད་པའི་ཁྱོད་ཀྱི་སྔོན་ཆད

གྲོང་ཁྱེར་ན་འུར་ཟིང་རོལ་གྱིན་པའི་ད་ལྟའི་ཁྱོད་རང

མ་འོངས་ནི་འཕྲུལ་སྣང་གི་ཁྲོད་ཀྱི་རྨི་ལམ་དེའི་ཟེ་འབྲུ

དགུན་ཆང་འཐུང་མེད་པའི་ང་ནི་ར་རོའི་རིམ་པ་དུ་ལ་སླེབས

ཁྱོད་ལ་དགོས་པའི་གསལ་བཤད་དེ་གླེང་བ་ནི

དཀར་པོ་ཞིག    དམར་པོ་ཞིག

དཀར་དམར་འདྲ་མ་འདྲེས་ཤིག

             སྤྱི་ལོ༢༠༠༩ལོའི་ཟླ༩པའི་ཚེས༡༩ཉིན་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།