གྲྭ་རྐྱང་གི་འཚོ་བ།

རྨ་ཉིན་ཐོས་པ་རང་གྲོལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-30

འདུ་འཛི་ལང་ལིང་གི་གཞིས་ཀ་བསྐྱུར་ནས།།

རྡོག་པའི་འཁོར་ལོ་དེ་རི་ལ་བསྒྱུར་ནས།།

སྣལ་མ་སེར་པོ་ཡི་བྱིན་རླབས་འོག་ནས     །།

འདུན་པའི་སྣང་ཤས་དེ་ཆོས་ལ་ཕྱོགས་ཡོད།།

 

གནག་སྣུམ་གཙུག་སྐྱེས་ཀྱི་ཟར་བུ་བྲེགས་ཤིང་།།

བརྩེ་བ་དུངས་དུངས་ཀྱི་སྒོ་མོ་གཏན་ཞིང་།།

ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་གསེབ་ནས།།

འཚེ་མེད་ཞི་བ་ཡི་བཙན་ས་བཟུང་ཡོད།།

 

ལྕང་དཀར་སྡོང་པོ་ཡི་བསིལ་གྲིབ་བརྟེན་ཞིང་།།

རྫ་ཆབ་དྭངས་མ་ཡི་བཅུད་ལ་རོལ་བའི།།

རང་བྱུང་ཕུག་པ་ཡི་སྤྲང་པོ་ཁེར་འདུག།

ཆོག་ཤེས་ཚོང་ཟོང་གིས་ཕྱུག་པོར་གྱུར་ཡོད།།

 

ཟིལ་བ་ཁྲོམ་ཁྲོམ་གྱིས་རྩི་ཤིང་གཡོག་དུས།།

ལྷགས་རླུང་འུར་འུར་གྱིས་ས་གཞི་གཙེས་དུས།།

ཕྱི་དབེན་ནང་དབེན་གྱི་སྒོམ་ཤག་ནང་དུ།།

དགའ་བ་བརྒྱ་ལྡན་གྱི་དྲོད་རླབས་འཕྱུར་ཡོད།།

 

 

རིག་འཛིན་ཞིག་པོ་ཡི་ཚོགས་གྲྭལ་འགྲིམ་ཞིང་།།

གཞི་མེད་འཛིན་བྲལ་གྱི་སྒོམ་གཞས་གྱེར་ནས།།

བདེ་ནས་བདེ་བ་ཡི་ཐེམ་སྐས་སྙེག་པའི།།

མགོ་རྗེན་ལུས་རྗེན་གྱི་བྱ་བྲལ་སྐྱིད་དོ།།

 

འཁྲིས་ན་ལན་ཆགས་ཀྱི་བུ་ཕྲུག་མ་འཁོར།།

ཡིད་ལ་འདོད་གདུང་གི་ན་ཟུག་མ་སྐྱེས།།

ཏིང་འཛིན་མལ་ས་རུ་ལྷོད་དེ་བཞུགས་པའི།།

དབེན་པའི་རི་སུལ་གྱི་ཆོས་པ་སྐྱིད་དོ།།

 

རང་བྱུང་ཉམས་དགའ་ཡི་བྲག་སྐྱིབས་དབུས་ནས།།

གཡོ་མེད་ཏིང་འཛིན་གྱི་བདུད་རྩི་འཐུང་ན།།

ཀྱག་ཀྱོག་ལམ་བུ་རུ་འགྲིམས་དགོས་མི་འདུག།

འབྲལ་དཀའི་གདུང་བ་ཡང་མྱོང་དགོས་མི་འདུག།

 

འདུ་འབྲལ་མིག་ཆུ་ཡི་ཕྲེང་ཐག་ཆད་དུས།།

འཁོར་བའི་སྣང་བརྙན་ལ་སྐྱོ་ཉམས་མངོན་དུས།།

གནས་ལུགས་ཟབ་མོ་ཡིས་སེམས་པ་བཟི་བའི།།

གྲྭ་རྐྱང་འཚོ་བ་འདིས་ཡིད་དབང་བཀུག་འགྲོ།

                                         

སྒྱུ་མའི་འཇིག་རྟེན་ན་ལས་ཀྱིས་སྤྱུགས་པའི།།

མི་སྡུག་འཁོར་བ་ཡི་མགྲོན་པོ་ཆུང་ཆུང་།།

རྟག་འཛིན་འཆིང་ཐག་གི་མདུད་པ་ཁྲོལ་དང་།།

རྣམ་དཀར་སྙིང་པོ་ལ་བརྩོན་དུ་ཐལ་འགྲོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲྭ་རྐྱང་གི་འཚོ་བ།

2010-04-30 རྨ་ཉིན་ཐོས་པ་རང་གྲོལ། ཀློག་གྲངས། མཆན ཡོད།

འདུ་འཛི་ལང་ལིང་གི་གཞིས་ཀ་བསྐྱུར་ནས།།

རྡོག་པའི་འཁོར་ལོ་དེ་རི་ལ་བསྒྱུར་ནས།།

སྣལ་མ་སེར་པོ་ཡི་བྱིན་རླབས་འོག་ནས     །།

འདུན་པའི་སྣང་ཤས་དེ་ཆོས་ལ་ཕྱོགས་ཡོད།།

 

གནག་སྣུམ་གཙུག་སྐྱེས་ཀྱི་ཟར་བུ་བྲེགས་ཤིང་།།

བརྩེ་བ་དུངས་དུངས་ཀྱི་སྒོ་མོ་གཏན་ཞིང་།།

ལྟོ་སྐྱ་གོས་ཧྲུལ་གྱི་འཚོ་བའི་གསེབ་ནས།།

འཚེ་མེད་ཞི་བ་ཡི་བཙན་ས་བཟུང་ཡོད།།

 

ལྕང་དཀར་སྡོང་པོ་ཡི་བསིལ་གྲིབ་བརྟེན་ཞིང་།།

རྫ་ཆབ་དྭངས་མ་ཡི་བཅུད་ལ་རོལ་བའི།།

རང་བྱུང་ཕུག་པ་ཡི་སྤྲང་པོ་ཁེར་འདུག།

ཆོག་ཤེས་ཚོང་ཟོང་གིས་ཕྱུག་པོར་གྱུར་ཡོད།།

 

ཟིལ་བ་ཁྲོམ་ཁྲོམ་གྱིས་རྩི་ཤིང་གཡོག་དུས།།

ལྷགས་རླུང་འུར་འུར་གྱིས་ས་གཞི་གཙེས་དུས།།

ཕྱི་དབེན་ནང་དབེན་གྱི་སྒོམ་ཤག་ནང་དུ།།

དགའ་བ་བརྒྱ་ལྡན་གྱི་དྲོད་རླབས་འཕྱུར་ཡོད།།

 

 

རིག་འཛིན་ཞིག་པོ་ཡི་ཚོགས་གྲྭལ་འགྲིམ་ཞིང་།།

གཞི་མེད་འཛིན་བྲལ་གྱི་སྒོམ་གཞས་གྱེར་ནས།།

བདེ་ནས་བདེ་བ་ཡི་ཐེམ་སྐས་སྙེག་པའི།།

མགོ་རྗེན་ལུས་རྗེན་གྱི་བྱ་བྲལ་སྐྱིད་དོ།།

 

འཁྲིས་ན་ལན་ཆགས་ཀྱི་བུ་ཕྲུག་མ་འཁོར།།

ཡིད་ལ་འདོད་གདུང་གི་ན་ཟུག་མ་སྐྱེས།།

ཏིང་འཛིན་མལ་ས་རུ་ལྷོད་དེ་བཞུགས་པའི།།

དབེན་པའི་རི་སུལ་གྱི་ཆོས་པ་སྐྱིད་དོ།།

 

རང་བྱུང་ཉམས་དགའ་ཡི་བྲག་སྐྱིབས་དབུས་ནས།།

གཡོ་མེད་ཏིང་འཛིན་གྱི་བདུད་རྩི་འཐུང་ན།།

ཀྱག་ཀྱོག་ལམ་བུ་རུ་འགྲིམས་དགོས་མི་འདུག།

འབྲལ་དཀའི་གདུང་བ་ཡང་མྱོང་དགོས་མི་འདུག།

 

འདུ་འབྲལ་མིག་ཆུ་ཡི་ཕྲེང་ཐག་ཆད་དུས།།

འཁོར་བའི་སྣང་བརྙན་ལ་སྐྱོ་ཉམས་མངོན་དུས།།

གནས་ལུགས་ཟབ་མོ་ཡིས་སེམས་པ་བཟི་བའི།།

གྲྭ་རྐྱང་འཚོ་བ་འདིས་ཡིད་དབང་བཀུག་འགྲོ།

                                         

སྒྱུ་མའི་འཇིག་རྟེན་ན་ལས་ཀྱིས་སྤྱུགས་པའི།།

མི་སྡུག་འཁོར་བ་ཡི་མགྲོན་པོ་ཆུང་ཆུང་།།

རྟག་འཛིན་འཆིང་ཐག་གི་མདུད་པ་ཁྲོལ་དང་།།

རྣམ་དཀར་སྙིང་པོ་ལ་བརྩོན་དུ་ཐལ་འགྲོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།