བརྩེ་བའི་རྒྱལ་ཁམས་ཉུལ་བའི་གླུ་དབྱངས།

མགོ་ལོག་པ་འཇིགས་བྱེད་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-04-30

                                               སྨིན་ཐང་བུ་མོ་གླེང་བས་ཁག་དང་པོ།

འཇིག་རྟེན་སྒྱུ་མའི་ཆོས་ལ་རྟག་བརྟན་མེད་ཀྱང༌།།

ང་ཚོ་ཕན་ཚུན་མཐུན་པའི་ལས་དབང་བསམ་ཚེ།།

སེམས་ཀྱི་མེ་ལོང་ངོས་ན་ཁྱོད་ཀྱི་ཞལ་རས།།

དབང་མེད་ཝ་ལེར་ཤར་འོང་སྨིན་ཐང་བུ་མོ།།

ཐག་རིང་སྨིན་ལྗོངས་ཕྱུག་མོའི་སྐྱེད་ཚལ་དེ་ན།།

ང་ཡི་བརྩེ་བའི་བདག་མོའི་སྙན་གྱི་ལམ་དུ།།

དུང་སྣང་མཆི་མ་འདྲེས་པའི་འཕྲིན་པ་ཚིག་གསུམ།།

ལྷོ་བཞུད་སྤྲིན་ལ་བསྐུར་ཡོད་སྨིན་ཐང་བུ་མོ།།

ལས་དབང་གནམ་གྱི་རྒྱལ་མོའི་བཀོད་སྒྲིག་འོག་ནས།།

འུ་གཉིས་སྐྱེས་སའི་ཕ་ཡུལ་ཁ་ཁ་ཡིན་ཡང༌།།

བརྩེ་བའི་དུང་བརྗོད་རིང་མོ་འབྲི་ཕྱོགས་ཤིག་ལ།།

གཏམ་རྒྱུད་ཡི་གེར་ཕབས་ཡོད་སྨིན་ཐང་བུ་མོ།།

མཛའ་བརྩེའི་སྙིང་གཏམ་གླེང་སའི་འདང་ཆེན་རོགས་ལོ།།

ཤི་ཡང་བརྗེད་ཐབས་མེད་པའི་སེམས་སོང་བྱམས་པ།།

ཕན་ཚུན་ཁ་ཐག་རིང་ཡང་འུ་གཉིས་བར་དུ།།

འཕྲིན་པ་སྤྲིན་ལ་བསྐུར་ཆོག་སྨིན་ཐང་བུ་མོ།།

སྟོན་ཀའི་ཟླ་བའི་འོག་ཏུ་ང་རང་གཅིག་པུ།།

མིག་ཟུང་ཟླ་བར་ཅེར་བཞིན་ཁྱོད་རང་དྲན་པ།།

དྭངས་གཙང་ཨ་སྔོན་གནམ་གྱིས་བདེན་དཔང་བྱེད་ཚེ།།

ཁྱོད་ལ་ཡིད་ཆེས་ཨེ་ཡོད་སྨིན་ཐང་བུ་མོ།།

དེང་རབས་བརྩེ་དུང་ཕལ་ཆེར་སྒོར་གྱི་བསླུ་བྲིད།།

ངོ་ལྐོག་དབྱེ་བ་མེད་པའི་དུང་སྣང་དེ་འདྲ།།

འུ་གཉིས་བར་ལ་མེད་པ་སུས་ཀྱང་ཤེས་པས།།

ཁྱོད་ཀྱི་སེམས་ན་ཨེ་ཡོད་སྨིན་ཐང་བུ་མོ།།

ཁྱོད་རང་དྲན་ཐེངས་རེ་ལ་འཕྲིན་རེ་བྲིས་ཤིང༌།།

ཚོར་སྣང་རྣོ་བའི་སྐབས་སུ་སྙན་ངག་གྱེར་བ།།

ཁྱོད་ཀྱིས་ང་ལ་བཞག་པའི་བག་ཆགས་ཡིན་པས།།

བཀའ་དྲིན་ཆེ་བ་ཤེས་ཡོད་སྨིན་ཐང་བུ་མོ།།

མི་ཚེ་ཉི་མ་བཞིན་དུ་ཕར་ཕར་ཟད་ཀྱིན།།

འཆི་བདག་བདུད་པོ་བཞིན་དུ་སླེབས་ལུགས་བསམས་ན།།

འུ་གཉིས་ནམ་ཞིག་ཁ་ཁར་བྲལ་དགོས་འདུག་པས།།

ཡོད་ཚད་རྟག་པ་མེད་དོ་སྨིན་ཐང་བུ་མོ །།

སྲིད་པའི་འབྱོར་བ་ལ་ཁའི་བ་མོ་བཞིན་དུ།།

ཉི་ཟེར་ཕོག་ཚེ་ཐམས་ཅད་ཚར་ནས་འགྲོ་ཡང༌།།

རིན་ཐང་བརྗོད་དུ་མེད་པའི་འུ་གཉིས་སེམས་པ།།

ཤི་ཡང་འགྱུར་བ་མེད་དོ་སྨིན་ཐང་བུ་མོ།།

ནུབ་ཅིག་རྨི་ལམ་ནང་དུ་ཁྱོད་དང་ཕྲད་ནས།།

ཡིད་འོང་ལྷིང་འཇགས་ལྡན་པའི་མེ་ཏོག་གླིང་དུ།།

སྙིང་གཏམ་མིག་ཆུར་འདྲེས་པའི་ངང་ཚུལ་དེ་ནི།།

ད་དུང་སེམས་ལ་འཆར་འདུག་སྨིན་ཐང་བུ་མོ།།

མི་སེམས་མི་ལ་ཤོར་བ་སྲིད་པའི་ཆོས་ཉིད།།

བདག་སེམས་ཁྱོད་ལ་འཁྲེང་བ་སྔོན་བསགས་ལས་དབང༌།།

མི་ཡུལ་འཇིག་རྟེན་ཁམས་ནས་འདི་ལྟར་མཐུན་པ།།

སུས་ཀྱང་ལྡོག་ཐབས་མེད་དོ་སྨིན་ཐང་བུ་མོ།།

རྨ་ཀླུང་དལ་འབབ་རིང་མོའི་བཞུར་རྒྱུན་ལྟར་ཏུ།།

འུ་གཉིས་འགྲོགས་ཡུན་རིང་དགོས་སྙིང་གི་དུམ་བུ།།

ཨ་གསར་མགོ་རྔ་མེད་པའི་དེང་གི་དུས་འདིར།།

དམ་བཅའ་ལྷོད་པར་མ་གནང་སྨིན་ཐང་བུ་མོ།།

ང་ཡི་སེམས་ཀྱི་གསང་བའི་སྒྲོམ་ཆུང་ནང་དུ།།

སྨྲ་བ་དོན་དང་ལྡན་པའི་སྙིང་གཏམ་སྦས་ཡོད།།

སྔོན་ཆད་ལྡེ་མིག་སུ་ལ་སྟེར་འདོད་མེད་ཀྱང༌།།

དེ་རིང་ཁྱོད་ལ་གནང་ཆོག་སྨིན་ཐང་བུ་མོ།།

སྒོར་མོའི་རིན་ཐང་མ་གཏོགས་སེམས་ན་མེད་པའི།།

དེང་གི་གསར་མོ་ལ་ལས་ཨེ་འགྲོགས་ཟེར་ནས།།

འཕྲིན་པ་གང་མང་ང་ལ་བསྐུར་གྱིན་འདུག་ཀྱང༌།།

སྙིང་བོ་མེད་པ་ཤེས་ཡོད་སྨིན་ཐང་བུ་མོ།།

ང་ཚོ་སེམས་པ་འདྲེས་པའི་མི་ཡུལ་འདི་ནས།།

མི་ཁ་རླུང་བུ་བཞིན་དུ་རྒོད་པའི་བར་ནས།།

འུ་གཉིས་བར་ལ་འགལ་བ་བྱུང་ཡོང་བསམ་ཚེ།།

སེམས་པར་ཚ་ཤར་རྒྱུགས་ཡོང་སྨིན་ཐང་བུ་མོ།།

གྲི་ཡིས་བཅད་པའི་རྨ་ཁ་སོས་ཐབས་ཡོད་ཀྱང༌།།

ཟུར་མིག་ཕོག་པའི་རྨ་ཁ་སོས་ཐབས་མེད་པས།།

སྙིང་ཁམས་བརྩེ་བའི་ཟུག་གཟེར་འཇགས་ཐབས་ཞིག་ལ།།

ཁྱོད་ཀྱི་ཡན་ཞིག་མི་འདུག་སྨིན་ཐང་བུ་མོ།།

ང་རང་སྨྱོན་པ་བཞིན་དུ་དྲྭ་ཁང་རེ་ནས།།

གླེང་མོལ་ཨང་གྲངས་སྟེང་ནས་ཁྱོད་རང་འཚོལ་སྐབས།།

དུས་ཚོད་ལྟར་ཏུ་ཁྱོད་ཉིད་མཐོང་རྒྱུ་མེད་པས།།

མིག་ཆུ་བཞུར་བ་ཨེ་ཤེས་སྨིན་ཐང་བུ་་མོ།།

ཁང་ཆུང་གྲུ་བཞིའི་ནང་དུ་ང་རང་གཅིག་པུ།།

ཁེར་རྐྱང་མི་ཚེ་འདི་ལ་སུན་སྣང་སྐྱེས་འདུག།

བཙན་གྱིས་བཙིར་བའི་སྙན་ངག་ཁ་ཤས་འབྲི་བཞིན།།

ཁྱོད་རང་ཡིད་ལ་སྒོམ་ཡོད་སྨིན་ཐང་བུ་མོ།།

ཉིས་སྟོང་བརྒྱད་ལོར་རྒྱ་ནག་གོང་དྲུག་ཡུལ་ནས།།

ང་ཡིས་ཁྱོད་ལ་བཏངས་བའི་ཁ་པར་དེ་ཡིས།།

བརྩེ་བ་རྫོགས་མེད་གཅིག་གི་དབུ་ཁྱུད་བྲིས་པ།།

ཉིད་ཀྱིས་ཤེས་པ་ཨེ་བྱུང་སྨིན་ཐང་བུ་མོ།།

ཕ་མས་བཙན་གྱིས་འུ་གཉིས་བསྒྲིགས་པ་མ་རེད།།

སྒོར་མོ་བྱིན་ནས་བརྩེ་དུང་ཉོས་པ་མིན་ཀྱང༌།།

ང་ཚོ་སེམས་པ་འདྲེས་པའི་ཉིན་མོ་དེ་ནས།།

ནམ་ཡང་བརྗེད་རྒྱུ་མི་འདུག་སྨིན་ཐང་བུ་མོ།།

ཕྱི་ཡི་འབྱོར་བ་མེད་པའི་མི་བུ་ང་ལ།།

ནང་གི་མཛའ་བརྩེ་འདི་ལས་ཅི་ཡང་མེད་པས།།

ཉིན་ཞིག་ཁྱོད་རང་ང་དང་བྲལ་འགྲོ་བསམ་ནས།།

སྐྱོ་བའི་ཤུགས་རིང་ཤོར་སོང་སྨིན་ཐང་བུ་མོ།

གར་འགྲོ་གར་འདུག་མེད་པའི་འཁྱམས་པོ་ང་ལ།།

མི་ཁ་རླུང་ནག་འཚུབ་མས་སྔོན་ནས་བསུ་ཞིང༌།།

སྙིང་ཆུང་ཚལ་བར་གས་པའི་ཚིག་རྩུབ་སྨྲས་ཚེ།།

ཁྱོད་ཀྱི་སེམས་གསོ་ཨེ་བྱེད་སྨིན་ཐང་བུ་མོ།།

གྲོགས་པོ་གནས་མཆོག་སོགས་དང་མཉམ་དུ་བསྡད་ནས།།

ཁྱོད་ཀྱི་པར་རིས་ཞིག་ལ་ཡང་ཡང་བལྟས་ཤིང༌།།

ང་རང་དགའ་སའི་མཛའ་མོ་འདི་རེད་ཟེར་ཏེ།།

རང་སེམས་སྐྱིད་ཐབས་་བྱས་མྱོང་སྨིན་ཐང་བུ་མོ།།

འོད་ཟེར་བི་མ་ལ་སོགས་མཉམ་དུ་ཐོན་ཚེ།།

འུ་གཉིས་མཐུན་ཚུལ་གླེང་ནས་ཉི་མ་ཟད་པ།།

འདི་ལྟར་ཕྱིར་དྲན་བྱེད་ཚེ་དགོད་ཁ་འཆོར་བས།།

ཁྱོད་ཀྱིས་འཕྱ་སྨོད་མི་ཉན་སྨིན་ཐང་བུ་མོ།།

ང་ཡི་ཁོར་ཡུག་ཀུན་ཏུ་ཁྱོད་ཀྱི་འདྲ་པར།།

གང་མང་མཐོང་རྒྱུ་ཡོད་པར་གྲོགས་པོ་རྣམས་ཀྱིས།།

འདི་ནི་སུ་ཡིན་ཟེར་ནས་འདྲི་བ་བྱུང་ཚེ།།

ལན་ཞིག་འདེབས་རྒྱུ་མ་རྙེད་སྨིན་ཐང་བུ་མོ།།

ཁྱོད་ཀྱི་ང་ལ་བཞག་པའི་གཏམ་རྒྱུད་རིང་མོ།།

མ་བརྗེད་ཟིན་ཐོར་བཀོད་ཡོད་མཛའ་བརྩེའི་མདུད་པ།།

མི་དབང་ས་སྐྱོང་རྒྱལ་པོས་ཁྲིམས་ལ་བཅུག་ཀྱང༌།།

དྲན་གླུ་ཤུགས་ཀྱིས་ལེན་སྲིད་སྨིན་ཐང་བུ་མོ།།

རྒྱུ་དང་ཐོབ་ཐང་མེད་པའི་འཁྱམ་པོ་ང་འདྲ།།

ས་སྟེང་འདི་ན་མེད་ཅེས་ཐད་ཀར་བརྗོད་ཆོག།

འོན་ཀྱང་བརྩེ་བ་དམར་པོའི་ཚོར་བ་མྱོང་མཁན།།

སུས་ཀྱང་འགྲན་ཟླ་མི་ཐུབ་སྨིན་ཐང་བུ་མོ།།

ལྐོག་གཡོ་བསླུ་བྲིད་མེད་པའི་ལྷད་མེད་བརྩེ་དུང༌།།

མི་འགྱུར་རྡོ་རྗེ་བྲག་ལས་སྲ་ཞིང་བརྟན་པ།།

འུ་གཉིས་མི་ཡུལ་སྐྱེས་པའི་ལེགས་སྐྱེས་ཐོག་མ།།

བསུབ་ཀྱང་ཟུབ་རྒྱུ་མི་འདུག་སྨིན་ཐང་བུ་མོ།།

 སྔོན་ཆད་ཞིག་ནས་ང་རང་ཁྱོད་ལ་དགའ་ཡང༌།།

སེམས་ཀྱི་སྤོབས་པ་ཞན་པས་བརྗོད་ཕོད་མ་བྱུང༌།།

ཡིན་ཡང་ཉིན་གཅིག་འུ་གཉིས་ཁ་པར་ལམ་ནས།།

སེམས་པ་མཐུན་པོ་བྱུང་སོང་སྨིན་ཐང་བུ་མོ།།

ཁ་སང་ང་ཚོས་སྙིང་གཏམ་གླེང་འཕྲོ་ཡོད་པའི།།

དེ་རིང་འཕྲིན་པ་ཐུང་ངུ་འབྲི་ཁུལ་བྱས་མོད །།

སྡེབ་སྦྱོར་སོགས་ལ་སྤྱང་བ་ཆེན་པོ་མེད་པས།།

ཚིག་སྐྱོན་དོན་སྐྱོན་ཡོད་སྲིད་སྨིན་ཐང་བུ་མོ།།

དེ་ལྟར་ཇ་སྐབས་ཞིག་ནས་གང་བྱུང་སྨྲས་པ།།

མཁས་པ་དགྱེས་པའི་སྙན་རྩོམ་འདི་ན་མེད་ཀྱང༌།།

རང་སེམས་སོང་བའི་སྨིན་ཐང་བུ་མོའི་དྲུང་དུ།།

ང་ཡི་སོར་མོའི་བར་ནས་ཤར་མར་བྲིས་སོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བའི་རྒྱལ་ཁམས་ཉུལ་བའི་གླུ་དབྱངས།

2010-04-30 མགོ་ལོག་པ་འཇིགས་བྱེད་ཚེ་རིང༌། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།