དེ་རིང༌།
ཟིལ་བ་ཁུར་བའི་ནེམ་ལོ་དང་མཉམ་དུ།
སྨུག་ཞགས་འཐིབས་པའི་རི་བོའི་ཟོམ་ནས།
དེ་རིང༌། ཞོགས་པའི་མཁའ་དབུགས་གཙང་མ།
ངས་སྣང་བས་རྔུབ་ཀྱིན་ཡོད།
ཞོགས་རླུང་འཇམ་པོ་དང༌།
ནེ་ཙོའི་སྒྲོ་ཐུལ་ལྟ་བའི་སྤང་ལྗོངས།
ཤང་ཤང་གིས་བཞུར་བའི་གཙང་བོ་སོགས།
དེ་རིང༌། ལྷད་མེད་པའི་རང་བྱུང་གི་མཛེས་སྡུག
ངས་ཡིད་ཀྱིས་མྱོང་གིན་ཡོད།
དེ་རིང༌། ཆེས་མཐའ་མའི་མི་ཡུལ་གྱི་དག་ཞིང་སྟེ་མཐོ་སྒང་གི་དྲོད་ཁོལ།
ངས་སེམས་ཀྱིས་འཚོལ་བཞིན་ཡོད།
༢༠༡༠ ༤ ༣༠
རྩོམ་ཁུངས། ངེད་དྲ་བ།

