དགའ་མ། མགྱོགས་པོར་ཡོང་སྲིད།
རོལ་མོ་ལ་དགའ་བའི་བུ་ཆུང་འདི
ཕ་ཡུལ་ལ་ལོག་དགོས་ཟེར་གྱིན་འདུག དགའ་མ
ཡིད་མ་སྐྱོ སྐྲ་ལོ་དེ་ཁྱོད་དང་ང་ཡི་ཟིན་ཐོ་ཡིན
ཁ་བ་བབས་པའི་དུས་འདི་ནས་ང་བུད་སོང་ཡང
མེ་ཏོག་བཞད་པའི་དུས་ཤིག་དང་ལྷན་དུ་ང་ཕྱིར་འོང་སྲིད
དེ་དུས ང་ལ་ཆང་དང་སྙན་ངག་གི་མགྲོན་བསུ་བྱེད་རོགས
ས་ཆ་འདི་ང་དང་ཁྱོད་ཁོ་ནའི་མིན་ཡང
ང་དང་ཁྱོད་ཁོ་ནའི་སྙིང་གཏམ་བཤད་ས་ཡིན་ཆོག
མི་འདི་ཚོ་ཁ་མང་པོ་འདུག ཡིན་ན་ཡང
སུ་ཞིག་གིས་ང་ནོར་འདུག་ཟེར་ན
ཁྱོད་ཀྱིས་ཁོ་ལ་ང་ནོར་འདུག་ཟེར་རོགས
མི་དེ་ནོར་མི་འདུག་པ་སུ་ཞིག་གིས་གསལ་བཤད་བྱེད་ཐུབ
རེ་བ་དེ་རི་ལ་མ་ཤོར་གོང་ལ
ངས་སེམས་པ་འདི་རྡོ་ལ་བརྐོས་ཡོད
ཁྱོད་ཀྱིས་ང་ལ་མིག་ཆུའི་བདེ་མོ་མ་ཟེར
ངས་ཁྱོད་ལ་ཉི་འོད་ལྟ་བུའི་སྙན་ངག་གི་མཆོད་པ་འབུལ་གྱིན་ཡོད
སྙིང་གཏམ་འདི་སུ་ལ་མ་བཤད
གདུང་བ་ཞིག་གིས་ང་བཟི་འགྲོ
སུ་ལ་མ་བཤད ང་མགྱོགས་པོར་གྱུགས་ཡོང
༢༠༡༠ལོའི་ཟླ་༡་པའི་ཚེས་༡༧་ཉིན་ལྷ་ས་ནས་དགའ་མ་ཕུལ་བའོ།
རྩོམ་ཁུངས། ངེད་དྲ་བ།

