འཁྱག་གྲང་གིས་བསྡམས་པའི་དུས་ཚིགས་དང་སྙན་ངག(ཞར་བཀོད་གཅིག)
ཁ་བ་དང་ཐག་ཇེ་ཉེ་བྱུང་བའི་ནམ་ཟླ་དེའི་ངོས་ན
སྔོ་ཞིང་ལྗང་བའི་ཡུལ་གྲུ་དེ་ཡང་རྨི་ལམ་བཞིན
ཁ་སང་དང་དེ་རིང སང་ཉིན་བཅས་ནི
རིམ་བཞིན་ཁ་བ་ལ་བར་ཐག་བསུ་བའི་ཉིན་མོ་ཁ་ཤས་རེད
ལག་ནང་ལ་ལྷུང་བའི་ཁ་བའི་འདབ་མ་རེ་རེ
གྲང་རག་དང་ཡིད་ལ་སྒོམ་དུས
རང་ཉིད་ལ་དབང་བའི་ཐ་སྙད་ཀྱི་བེམ་པོ་ཚོགས་ནི
དམར་མཆོད་བྱེད་མི་ཕོད་པའི་གནམ་གཤིས་ཀྱི་འཁྱག་གྲངས་ངོ་མ་ཞིག་རེད
དུས་ཚིགས་ཀྱི་ངོ་མདངས་རེ་རེ
མི་འདྲ་བའི་ཟུར་ཞིག་ནས་མཆེད་ཡོང་དུས
རྩྭ་ཐང་གི་རྣམ་ཤེས་ཡོངས་རྫོགས
འབྱུང་འགྱུར་གྱི་སླད་དུ་བདག་དང་ཕྱི་ཐག་ག་འདྲ་ཡོད་སྲིད
ཉི་འོད་གཉོམ་དུང་དུང་གིས་ཟུག་ངུ་བྱེད་ཀྱིན་ཡོད་པ་འདྲ
མི་ཚོགས་འདར་སིག་སིག་གིས་ཁེངས་སྐྱོང་བྱེད་ཀྱིན་ཡོད་པ་འདྲ
དུས་ཚིགས་འདིའི་རྒྱབ་ནས
ཡོད་ཚད་དུས་ཚོད་ཀྱི་ནང་ངོས་ནས་ཆག་རོ་བཞིན་ཕྱི་ལ་མངོན་གྱིན་འདུག
2010 1 8
རྩོམ་ཁུངས། ངེད་དྲ་བ།

