ཁྱོད་ལ་བཤད་དོན།

སྐད་ངག་འདར་འདར་གྱིས་ཁྱོད་ལ་བཤད་དོན
མིག་ཟུང་ལྷེམ་ལྷེམ་གྱིས་ཁྱོད་ལ་བཤད་དོན
མེ་ཏོག་གི་ཕུང་བོ་གཅིག་ཏུ
ཚེ་གཅིག་ལ་སྒོམ་སྒྲུབ་ཀྱི་ལས་ཀ་གཉེར་བ་ཁོ་ན་མ་ཡིན་པར
སྤང་ལྗོངས་ཡངས་ས་ཤིག་ནས
བག་ཡང་གི་ངལ་གསོ་གཏོང་ཞོར
མིའི་ཁམས་ཀྱི་ལོངས་སྤྱོད་རོལ་འདོད་པས་ཡིན

ཁ་པར་སིལ་སིལ་གྱིས་ཁྱོད་ལ་བཤད་དོན
བརྡ་འཕྲིན་བསྐུར་ཞོར་དུ་ཁྱོད་ལ་བཤད་དོན
བརྩེ་སེམས་ཀྱི་ཕོ་བྲང་ཞིག་ཏུ
ལྟས་དབང་གི་ལྗོངས་རྒྱུ་ཙམ་མ་ཡིན་པར
ཞེ་བསམ་པ་གཅིག་ཏུ་བསྲེས་ནས
སྐྱིད་མ་སྡུག་གི་འཚོ་བ་གཏོང་ཞོར
འུ་གཉིས་ཀྱི་བླ་སྲོག་ལ་གཅེས་སྦྲས་བྱེད་འདོད་པས་ཡིན

སེམས་པ་ལང་ལོང་གིས་བཤད་དོན
སྙིང་གཏམ་ཤབ་ཤུབ་ཀྱིས་བཤད་དོན
བདག་གིས་ཡིད་སེམས་ཡོད་ཚད
ཁྱོད་ཀྱིས་བདག་པོ་བྱ་ཐུབ་པས་ཡིན།
                                                2009-11-24

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ལ་བཤད་དོན།

2010-07-09 དགུ་དུང་སྐྱེས། ཀློག་གྲངས། མཆན ཡོད།

སྐད་ངག་འདར་འདར་གྱིས་ཁྱོད་ལ་བཤད་དོན
མིག་ཟུང་ལྷེམ་ལྷེམ་གྱིས་ཁྱོད་ལ་བཤད་དོན
མེ་ཏོག་གི་ཕུང་བོ་གཅིག་ཏུ
ཚེ་གཅིག་ལ་སྒོམ་སྒྲུབ་ཀྱི་ལས་ཀ་གཉེར་བ་ཁོ་ན་མ་ཡིན་པར
སྤང་ལྗོངས་ཡངས་ས་ཤིག་ནས
བག་ཡང་གི་ངལ་གསོ་གཏོང་ཞོར
མིའི་ཁམས་ཀྱི་ལོངས་སྤྱོད་རོལ་འདོད་པས་ཡིན

ཁ་པར་སིལ་སིལ་གྱིས་ཁྱོད་ལ་བཤད་དོན
བརྡ་འཕྲིན་བསྐུར་ཞོར་དུ་ཁྱོད་ལ་བཤད་དོན
བརྩེ་སེམས་ཀྱི་ཕོ་བྲང་ཞིག་ཏུ
ལྟས་དབང་གི་ལྗོངས་རྒྱུ་ཙམ་མ་ཡིན་པར
ཞེ་བསམ་པ་གཅིག་ཏུ་བསྲེས་ནས
སྐྱིད་མ་སྡུག་གི་འཚོ་བ་གཏོང་ཞོར
འུ་གཉིས་ཀྱི་བླ་སྲོག་ལ་གཅེས་སྦྲས་བྱེད་འདོད་པས་ཡིན

སེམས་པ་ལང་ལོང་གིས་བཤད་དོན
སྙིང་གཏམ་ཤབ་ཤུབ་ཀྱིས་བཤད་དོན
བདག་གིས་ཡིད་སེམས་ཡོད་ཚད
ཁྱོད་ཀྱིས་བདག་པོ་བྱ་ཐུབ་པས་ཡིན།
                                                2009-11-24

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།