དོ་ནུབ ང་ཡང་གཏེར་ལེན་ཁ་འགྲོ་འདོད།

འབའ་སྨད་རྒྱ་ལོ་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-09

མཚན་མོ་དེར   ཧེ་ཙིའི་སེམས་ལྗོངས་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་ཁག་ནའང
མིའི་རིགས་ཀྱི་དང་ལེན་མ་ཕོད་པའི་ལོ་རྒྱུས་དེ་དང
རྩ་ཆེ་བའི་ཡིག་འབྲུ་ཁ་ཤས་མེ་ལ་བསྲེགས་པ
བདག་པོ་མེད་པའི་རླབས་ཆེ་བའི་བསམ་བློ་དེ
ཁ་རོག་གེར བལྟས་བལྟས་རིག་རིག་ལ
རུལ་ཏུ་བཅུག་མྱོང་བའི་ལོ་རྒྱུས་ཤིག་དྲན་ཚེ
ཧེ་ཙི་སྡུག་བསྔལ་ནི   བདག་གི་སྡུག་བསྔལ་དང་མི་འདྲ་བར
གཏིང་ཟབ་ས་ཞིག་དང  རྒྱ་ཆེ་ས་ཞིག་ཏུ
སྦས་ཤིང་འཁོགས    གྲང་ཤིང་འདར
འོད་འཚེར་བའི་ཐ་སྙད་དེ་དག་གི་རྒྱབ་ལྗོངས་ན
ཧེ་ཙི་ནི་མི་ཁེར་རྐྱང་ཞིག་ཏུ་གྱུར་ལ
ཁེར་རྐྱང་གི་རྡོག་སྣེ་དེ་ན  ལྷོག་ལྷོག་གདུ་བའི
སྡུག་བསྔལ་གྱི་མཚན་མོ་ཞིག་བསྐྲུན
མཚན་མོ་དེ་ནི་གཏེར་ལེན་ཁའི་མཚན་མོ་རེད
གཏེར་ལེན་ཁའི་མཚན་མོ་ནི
ཧེ་ཙིའི་སེམས་ཁམས་དང་ཐག་མི་རིང་བའི་མཚན་མོ་རེད
ཧེ་ཙིའི་སེམས་ཀྱི་མཐའ་མཇུག་གི་སྙན་ངག་འདང་ཆེན་དེ་ཡིན
ཧེ་ཙིའི་ནང་སེམས་ཀྱི་འཇིག་རྟེན་དེ་དག་དྲན་ཚེ
ནམ་ཞིག  ང་ཡང་ཧེ་ཙི་ལྟ་བུའི་སེམས་ཁམས་ཤིག་ཏུ་འགྱུར་བར་ཉེ་ཞིང
གཏེར་ལེན་ཁའི་མཚན་མོ་དེ་ཡང་ང་སྒུག་འདུག་སྙམ
གཏེར་ལེན་ཁ་ན  རྒྱ་ནག་སྙན་ངག་པ་ཞིག་གི
མྱངས་མི་ཚར་བའི་འཚོ་བ་རྫོད་པོ་ཅིག་དང
མིའི་རིགས་ཀྱིས་བསྐྱུར་བའི་ངན་ངོན་གི་འཚོ་བ་དེ་ཡོད
བོད་ཀྱི་སྙན་ངག་པ་ཞིག་གི སྡུག་གཏམ་དེ་ཡང
གཏེར་ལེན་ཁ་རུ་ཡོད
དོ་ནུབ   ང་ལ་ཧེ་ཙི་ལྟ་བུའི་སྡུག་བསྔལ་ཞིག་མེད་ནའང
ཧེ་ཙིའི་རྒྱུན་ལྡན་མིན་པའི་སེམས་ཁམས་དེ་བྲོ་བ་དངོས་ནས་མྱོང་ཐུབ
དོ་ནུབ  ང་གཏེར་ལེན་ཁར་འགྲོ་འདོད་ཀྱི་སེམས་འགྱུ་ལྕི་མོ་དེ
ཧེ་ཙི་ཞེས་པའི་མི་དེ་ལོ་རྒྱུས་རྐྱེན་བྱས་ཏེ
རྣམ་མཐར་ཁ་ཤས་ལ་ཐོད་པ་གཏུགས་པའི་མྱོང་བ་དེ་དང
དངོས་ཡོད་རིན་ཐང་ལ་ཤས་ཀྱིས་བསྡད་དུ་བཅུག་མྱོང་བའི
གཞུང་ལུགས་སྐོར་ཞིག་གི་ངོ་གདོང་མཇལ་ཏེ
ང་གཞི་ནས་གཏེར་ལེན་ཁར་འགྲོ་འདོད
གཏེར་ལེན་ཁ་ན  ངས་མྱངས་ཆོག་པའི་འཚོ་བ་དེ་ཡོད
                       ༢༠༡༠/.༦. ༡༨དཔེ་ཁང་དུ་གྲུབ། 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོ་ནུབ ང་ཡང་གཏེར་ལེན་ཁ་འགྲོ་འདོད།

2010-07-09 འབའ་སྨད་རྒྱ་ལོ་ཚེ་རིང༌། ཀློག་གྲངས། མཆན ཡོད།

མཚན་མོ་དེར   ཧེ་ཙིའི་སེམས་ལྗོངས་ཇི་ལྟ་བུ་ཞིག་ཡིན་པ་བརྗོད་ཁག་ནའང
མིའི་རིགས་ཀྱི་དང་ལེན་མ་ཕོད་པའི་ལོ་རྒྱུས་དེ་དང
རྩ་ཆེ་བའི་ཡིག་འབྲུ་ཁ་ཤས་མེ་ལ་བསྲེགས་པ
བདག་པོ་མེད་པའི་རླབས་ཆེ་བའི་བསམ་བློ་དེ
ཁ་རོག་གེར བལྟས་བལྟས་རིག་རིག་ལ
རུལ་ཏུ་བཅུག་མྱོང་བའི་ལོ་རྒྱུས་ཤིག་དྲན་ཚེ
ཧེ་ཙི་སྡུག་བསྔལ་ནི   བདག་གི་སྡུག་བསྔལ་དང་མི་འདྲ་བར
གཏིང་ཟབ་ས་ཞིག་དང  རྒྱ་ཆེ་ས་ཞིག་ཏུ
སྦས་ཤིང་འཁོགས    གྲང་ཤིང་འདར
འོད་འཚེར་བའི་ཐ་སྙད་དེ་དག་གི་རྒྱབ་ལྗོངས་ན
ཧེ་ཙི་ནི་མི་ཁེར་རྐྱང་ཞིག་ཏུ་གྱུར་ལ
ཁེར་རྐྱང་གི་རྡོག་སྣེ་དེ་ན  ལྷོག་ལྷོག་གདུ་བའི
སྡུག་བསྔལ་གྱི་མཚན་མོ་ཞིག་བསྐྲུན
མཚན་མོ་དེ་ནི་གཏེར་ལེན་ཁའི་མཚན་མོ་རེད
གཏེར་ལེན་ཁའི་མཚན་མོ་ནི
ཧེ་ཙིའི་སེམས་ཁམས་དང་ཐག་མི་རིང་བའི་མཚན་མོ་རེད
ཧེ་ཙིའི་སེམས་ཀྱི་མཐའ་མཇུག་གི་སྙན་ངག་འདང་ཆེན་དེ་ཡིན
ཧེ་ཙིའི་ནང་སེམས་ཀྱི་འཇིག་རྟེན་དེ་དག་དྲན་ཚེ
ནམ་ཞིག  ང་ཡང་ཧེ་ཙི་ལྟ་བུའི་སེམས་ཁམས་ཤིག་ཏུ་འགྱུར་བར་ཉེ་ཞིང
གཏེར་ལེན་ཁའི་མཚན་མོ་དེ་ཡང་ང་སྒུག་འདུག་སྙམ
གཏེར་ལེན་ཁ་ན  རྒྱ་ནག་སྙན་ངག་པ་ཞིག་གི
མྱངས་མི་ཚར་བའི་འཚོ་བ་རྫོད་པོ་ཅིག་དང
མིའི་རིགས་ཀྱིས་བསྐྱུར་བའི་ངན་ངོན་གི་འཚོ་བ་དེ་ཡོད
བོད་ཀྱི་སྙན་ངག་པ་ཞིག་གི སྡུག་གཏམ་དེ་ཡང
གཏེར་ལེན་ཁ་རུ་ཡོད
དོ་ནུབ   ང་ལ་ཧེ་ཙི་ལྟ་བུའི་སྡུག་བསྔལ་ཞིག་མེད་ནའང
ཧེ་ཙིའི་རྒྱུན་ལྡན་མིན་པའི་སེམས་ཁམས་དེ་བྲོ་བ་དངོས་ནས་མྱོང་ཐུབ
དོ་ནུབ  ང་གཏེར་ལེན་ཁར་འགྲོ་འདོད་ཀྱི་སེམས་འགྱུ་ལྕི་མོ་དེ
ཧེ་ཙི་ཞེས་པའི་མི་དེ་ལོ་རྒྱུས་རྐྱེན་བྱས་ཏེ
རྣམ་མཐར་ཁ་ཤས་ལ་ཐོད་པ་གཏུགས་པའི་མྱོང་བ་དེ་དང
དངོས་ཡོད་རིན་ཐང་ལ་ཤས་ཀྱིས་བསྡད་དུ་བཅུག་མྱོང་བའི
གཞུང་ལུགས་སྐོར་ཞིག་གི་ངོ་གདོང་མཇལ་ཏེ
ང་གཞི་ནས་གཏེར་ལེན་ཁར་འགྲོ་འདོད
གཏེར་ལེན་ཁ་ན  ངས་མྱངས་ཆོག་པའི་འཚོ་བ་དེ་ཡོད
                       ༢༠༡༠/.༦. ༡༨དཔེ་ཁང་དུ་གྲུབ། 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།