ཐོལ་བྱུང་དཔྱིད་དཔལ་སྒེག་མོའི་མགྲིན་གླུ།

ཡུལ་གངས་ཅན་ཤེལ་གྱི་ཞིང་ཁམས། །ལྷ་བླ་མའི་ལུང་གིས་ཟིན་པའི།།
རྗེ་སྲོང་བཙན་རུས་རྒྱུད་དར་ས། །གནས་སྐྱིད་པོ་མདོ་སྨད་གཙང་པ།།
ཡུལ་ངོ་མཚར་སྨོན་ལམ་འདབ་འབྲེལ། །དཔལ་བདེ་མཆོག་ཧེ་རུ་ཀ་ཡི།།
གནས་བྱིན་རླབས་བདུད་རྩིའི་ཆུ་གཟར། །མ་འགྲོ་བའི་སྡིག་གྲིབ་རང་དག།
བྲག་དཀར་པོ་དབྱིངས་ལ་འགྱིང་བ། །དཔལ་མི་འགྱུར་ཕོ་བྲང་ལྷུན་གྲུབ།།
གནས་སྦྱིན་བདག་སྨོན་ལམ་དཀར་པོས། །ལས་དགེ་བའི་འཕྲིན་ལས་མཛད་ས།།
ཕྱིའི་ཁོར་ཡུག་རང་བྱུང་དྭངས་པས། །སྤྲིན་དཀར་པོ་ཞོ་གསར་རང་ཆགས།།
ཆར་བསིལ་མའི་དྭངས་གཙང་རྒྱུན་ལས། །ཆུ་ཡན་ལག་བརྒྱད་ལྡན་རང་བབས།།
སྤང་རི་ཀླུང་མཚོ་དང་ཆུ་མིག །གཡུ་མེ་ལོང་ཕྲེང་ཐག་འཐོར་འདྲ།།
མཛེས་མཚོ་བྱིངས་ངང་ངུར་རྒྱུ་བ། །སྤྲིན་དཀར་པོའི་འདབ་མར་རང་འཁྲུལ།།
མཐར་མེ་ཏོག་དཀར་དམར་སེར་གསུམ། །འཇའ་གུར་ཁང་མེ་ཏོག་ཕྲེང་བ།།
མ་མཛེས་ལྡན་གཡུ་ཡི་ལྷ་མོའི། །ལུས་དོ་ཤལ་རྒྱན་སྤུད་རང་འཁྲུལ།།
ནགས་རྒྱ་རྫོང་གཡུ་ལོའི་གསེང་ནས། །བྱ་ཁུ་བྱུག་གསུང་སྙན་ལྷུང་ལྷུང་།།
གནས་འཆི་མེད་དྲི་ཟའི་ཡུལ་གྱི། །མ་སྒྱུ་འཕྲུལ་དབྱངས་སྙན་རང་འཁྲུལ།།
ལས་འཚེ་མེད་འཚོ་བར་རོལ་བའི། །དེང་ཆེས་དཀོན་དོམ་ཁྲ་གནས་སའི།།
ཡུལ་ཁྱད་འཕགས་རང་གཤིས་དེ་ལ། །བློ་གཟུར་གནས་བསྟོད་བསྔགས་རང་འཐོར།།
ས་གཤིན་ས་ཆུ་མ་ཞིང་ལ། །འབྲུ་ལོ་ཏོག་འབྲས་བུ་སྣ་ཚོགས།།
བཅུད་སྨིན་ལེགས་བྱུར་བུ་གཏམས་པས། །ལས་ངལ་རྩོལ་སེམས་ཤུགས་རང་འཕར།།
རྒན་ཡ་རབས་ངང་རྒྱུད་ཕྱུག་པས། །གཞོན་རྩི་བཀུར་མེ་ཏོག་འཐོར་ལ།།
བྱིས་མིག་ལྟོས་ཡར་ལ་ཕྱོགས་པས། །ཡུལ་རྨད་བྱུང་དགེ་མཚན་རང་ཁྱབ།
ཡུལ་མདོ་སྨད་ཐེ་བོའི་སྨད་བརྒྱུད། །གནས་སྐྱིད་པོ་གཙང་པ་ཕྱོགས་ལ།།
ཡུལ་བསྐལ་བའི་ས་མཐའ་འདི་ནས། །སེམས་འཕྲེང་བའི་འདབ་མ་འཐོར་འགྲོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐོལ་བྱུང་དཔྱིད་དཔལ་སྒེག་མོའི་མགྲིན་གླུ།

2010-07-08 ཐེ་བོ་འོད་ཟེར། ཀློག་གྲངས། མཆན ཡོད།

ཡུལ་གངས་ཅན་ཤེལ་གྱི་ཞིང་ཁམས། །ལྷ་བླ་མའི་ལུང་གིས་ཟིན་པའི།།
རྗེ་སྲོང་བཙན་རུས་རྒྱུད་དར་ས། །གནས་སྐྱིད་པོ་མདོ་སྨད་གཙང་པ།།
ཡུལ་ངོ་མཚར་སྨོན་ལམ་འདབ་འབྲེལ། །དཔལ་བདེ་མཆོག་ཧེ་རུ་ཀ་ཡི།།
གནས་བྱིན་རླབས་བདུད་རྩིའི་ཆུ་གཟར། །མ་འགྲོ་བའི་སྡིག་གྲིབ་རང་དག།
བྲག་དཀར་པོ་དབྱིངས་ལ་འགྱིང་བ། །དཔལ་མི་འགྱུར་ཕོ་བྲང་ལྷུན་གྲུབ།།
གནས་སྦྱིན་བདག་སྨོན་ལམ་དཀར་པོས། །ལས་དགེ་བའི་འཕྲིན་ལས་མཛད་ས།།
ཕྱིའི་ཁོར་ཡུག་རང་བྱུང་དྭངས་པས། །སྤྲིན་དཀར་པོ་ཞོ་གསར་རང་ཆགས།།
ཆར་བསིལ་མའི་དྭངས་གཙང་རྒྱུན་ལས། །ཆུ་ཡན་ལག་བརྒྱད་ལྡན་རང་བབས།།
སྤང་རི་ཀླུང་མཚོ་དང་ཆུ་མིག །གཡུ་མེ་ལོང་ཕྲེང་ཐག་འཐོར་འདྲ།།
མཛེས་མཚོ་བྱིངས་ངང་ངུར་རྒྱུ་བ། །སྤྲིན་དཀར་པོའི་འདབ་མར་རང་འཁྲུལ།།
མཐར་མེ་ཏོག་དཀར་དམར་སེར་གསུམ། །འཇའ་གུར་ཁང་མེ་ཏོག་ཕྲེང་བ།།
མ་མཛེས་ལྡན་གཡུ་ཡི་ལྷ་མོའི། །ལུས་དོ་ཤལ་རྒྱན་སྤུད་རང་འཁྲུལ།།
ནགས་རྒྱ་རྫོང་གཡུ་ལོའི་གསེང་ནས། །བྱ་ཁུ་བྱུག་གསུང་སྙན་ལྷུང་ལྷུང་།།
གནས་འཆི་མེད་དྲི་ཟའི་ཡུལ་གྱི། །མ་སྒྱུ་འཕྲུལ་དབྱངས་སྙན་རང་འཁྲུལ།།
ལས་འཚེ་མེད་འཚོ་བར་རོལ་བའི། །དེང་ཆེས་དཀོན་དོམ་ཁྲ་གནས་སའི།།
ཡུལ་ཁྱད་འཕགས་རང་གཤིས་དེ་ལ། །བློ་གཟུར་གནས་བསྟོད་བསྔགས་རང་འཐོར།།
ས་གཤིན་ས་ཆུ་མ་ཞིང་ལ། །འབྲུ་ལོ་ཏོག་འབྲས་བུ་སྣ་ཚོགས།།
བཅུད་སྨིན་ལེགས་བྱུར་བུ་གཏམས་པས། །ལས་ངལ་རྩོལ་སེམས་ཤུགས་རང་འཕར།།
རྒན་ཡ་རབས་ངང་རྒྱུད་ཕྱུག་པས། །གཞོན་རྩི་བཀུར་མེ་ཏོག་འཐོར་ལ།།
བྱིས་མིག་ལྟོས་ཡར་ལ་ཕྱོགས་པས། །ཡུལ་རྨད་བྱུང་དགེ་མཚན་རང་ཁྱབ།
ཡུལ་མདོ་སྨད་ཐེ་བོའི་སྨད་བརྒྱུད། །གནས་སྐྱིད་པོ་གཙང་པ་ཕྱོགས་ལ།།
ཡུལ་བསྐལ་བའི་ས་མཐའ་འདི་ནས། །སེམས་འཕྲེང་བའི་འདབ་མ་འཐོར་འགྲོ།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།