འཚོ་བའི་ལམ།

ཁེར་རྐྱང་གི་ལྕགས་སྒྲོག་ལས་ཤོར་བའི་རྟ་ཕོ
རྩྭ་ཐང་གི་མཚན་མོ་དང་རྨི་ལམ་བརྒལ་ནས
ཐག་རིང་གི་རྐང་ལམ་དེད་ནས་ལམ་ལ་ཆས
ས་སྲོད་ཀྱི་མཚམས་སྤྲིན་ལས་མཆེད་པའི་འོད་ཟེར
རྟ་ཕོའི་སྒ་ཆ་ལས་འཕྲོས་པའི་ཐིགས་རིས་ཡིན་ན
ནམ་ཡང་རྩྭ་ཐང་ནི་ངོ་གདོང་གཞན་ཞིག

རྨས་ཕོག་པའི་ཤ་བ་རྭ་རིང་དེ
གཞིས་ཁྱིམ་གང་ཞིག་གི་སྒོ་ཟོག་རྙིང་བ་དེ་ཡིན
རྔོན་པ་ཁྲ་རིང་གིས་རྨི་ལམ་ལོག་པ་རེ་མ་རྨིས་ན
སྐྱེད་ཚལ་གྱི་ཕོ་བྲང་ནས་གནས་འཆའ་ཆོག

ལྕགས་མཁར་གྱི་རྒྱལ་བོ
འབངས་པའི་ལས་སུ་བསྐོས་རྗེས
རྐང་བའི་མེ་ཏོག་འཐུ་མཁན་གྱི་སྐྱེས་བུ
ལག་པའི་བྲོ་གར་འཁྲབ་མཁན་གྱི་དམ་པ
རུ་སྡེ་ཁྲ་ཁྲ་ཞིག་གི་ཟློས་གར་འཁྲབ་ཁྲིད་པ་དེ
ལོ་རྒྱུས་གས་ཁ་ནས་ཤི་མི་ཐུབ་པའི་བདག་པོ
དམྱལ་བའི་ཁམས་ཀྱི་ཨ་བ་གླང་མགོ་དེ་ཡིན་ནམ

                                    2009-11-22

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་ལམ།

2010-07-08 དགུ་དུང་སྐྱེས། ཀློག་གྲངས། མཆན ཡོད།

ཁེར་རྐྱང་གི་ལྕགས་སྒྲོག་ལས་ཤོར་བའི་རྟ་ཕོ
རྩྭ་ཐང་གི་མཚན་མོ་དང་རྨི་ལམ་བརྒལ་ནས
ཐག་རིང་གི་རྐང་ལམ་དེད་ནས་ལམ་ལ་ཆས
ས་སྲོད་ཀྱི་མཚམས་སྤྲིན་ལས་མཆེད་པའི་འོད་ཟེར
རྟ་ཕོའི་སྒ་ཆ་ལས་འཕྲོས་པའི་ཐིགས་རིས་ཡིན་ན
ནམ་ཡང་རྩྭ་ཐང་ནི་ངོ་གདོང་གཞན་ཞིག

རྨས་ཕོག་པའི་ཤ་བ་རྭ་རིང་དེ
གཞིས་ཁྱིམ་གང་ཞིག་གི་སྒོ་ཟོག་རྙིང་བ་དེ་ཡིན
རྔོན་པ་ཁྲ་རིང་གིས་རྨི་ལམ་ལོག་པ་རེ་མ་རྨིས་ན
སྐྱེད་ཚལ་གྱི་ཕོ་བྲང་ནས་གནས་འཆའ་ཆོག

ལྕགས་མཁར་གྱི་རྒྱལ་བོ
འབངས་པའི་ལས་སུ་བསྐོས་རྗེས
རྐང་བའི་མེ་ཏོག་འཐུ་མཁན་གྱི་སྐྱེས་བུ
ལག་པའི་བྲོ་གར་འཁྲབ་མཁན་གྱི་དམ་པ
རུ་སྡེ་ཁྲ་ཁྲ་ཞིག་གི་ཟློས་གར་འཁྲབ་ཁྲིད་པ་དེ
ལོ་རྒྱུས་གས་ཁ་ནས་ཤི་མི་ཐུབ་པའི་བདག་པོ
དམྱལ་བའི་ཁམས་ཀྱི་ཨ་བ་གླང་མགོ་དེ་ཡིན་ནམ

                                    2009-11-22

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།