བོར་ཟིན་པ་དག་དྲན་བྱུང༌།

ན་བུན་མཆེད་པའི་རི་སྒང་དེའི་ལོགས་ན
མེ་ཏོག་གད་སའི་སྤང་དཀར་དེའི་ཀླད་ན དུས་དེ་རིང
དར་ལྕོག་གི་རལ་བ་བསིག་པའི་གཡུ་སྦྲ་སྨུག་པོ་དང
ཐུལ་དཀར་འབྲི་མོ འདོ་རིགས་རྟ་ཕོ  
ད་དུང མང་པོ་མང་པོ་ཞིག་སྔར་བཞིན་རྩྭ་ཐང་དུ་ཡོད་ན  
ངས་མིག་ཆུ་འདི་གཏོར་དོན་མེད 
ངས་སྐྱོ་ཡུས་འདི་གྱེར་དོན་མེད
 
རྫ་མཐོན་པོའི་ཟོམ་ནས ཆུ་གཙང་བོའི་ངོགས་ནས
སྨན་བུ་མོའི་ལ་གཞས་འཐོར་དུས  སྟག་ཤར་རའི་ཀི་བསོ་འཕུར་དུས
ངའི་རྩྭ་ཐང་ལ་གཞོན་ཤ་ཡོད་ཀྱང
དུས་དེང་སང ཡོད་ཚད་རྨི་ལམ་བཞིན་ཡལ་ཟིན་པས
ང་སྐྱོ་བ་ཞིག་གི་ལྟེབས་ཁུག་ཏུ་མི་ལྷུང་ཐུ་མེད་རེད
 
ལོ་ཟླ་ཆུ་མོ་བཞིན་བཞུར་ཤུལ་དུ
རྒས་ཀྱིན་པའི་གངས་རི་དང་རྩྭ་ཐང
བོར་ཟིན་པའི་སྦྲ་གུར་དང་ལུག་ཁྱུ
འགྱུར་གྱིན་པའི་ཕུ་ནུ་དང་ལྕམ་སྲིང་དག
ངའི་མིག་གིས་མཐོང་ཐེངས་རེ་དང
རྣ་བས་གོ་ཐེངས་རེར ཡིད་ཀྱིས་མྱོང་ཐེངས་རེར
བཟོད་དཀའ་བའི་ན་ཟུག་རྡོག་པོ་ཞིག
ཤ་མཆིན་པའི་གསེང་དུ་འཁྱག་ཤུར་ཤུར་གྱིས་བརྡོལ་ཡོང
སེམས་བསམ་པའི་མཐིལ་དུ་ལྗིད་ཏིག་ཏིག་གིས་ལྷུང་ཡོང
 
ངའི་སེམས་པ་འདི་ཕ་ས་ལ་དུངས་དྲགས་པས
ངའི་གློ་བ་འདི་ཕ་གཞིས་ལ་ཉེ་ཆེ་བས
དུས་དེ་རིང   མེས་པོའི་གཅེས་ནོར་དག་བོར་ཟིན་པའི་ཕ་ཤུལ་སྐྱ་བོ་འདི་ནས
སྟོང་སང་སང་གི་སེམས་པ་འདི་སེམས་པས་སྐྱོར་ཏེ
སྨོན་འདུན་གཙང་མ་ཞིག་གི་ཆེད་དུ
ངས་གསོལ་འདེབས་ཁྲི་ཕྲག་གི་རླུང་རྟ་ཤུགས་ཀྱིས་སྤུར་ན་འདོད
                                       ༢༠༡༠ ༦ ༡༣ ལྷ་ས་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོར་ཟིན་པ་དག་དྲན་བྱུང༌།

2010-07-07 རྨ་ཞོགས་རླུང༌། ཀློག་གྲངས། མཆན ཡོད།

ན་བུན་མཆེད་པའི་རི་སྒང་དེའི་ལོགས་ན
མེ་ཏོག་གད་སའི་སྤང་དཀར་དེའི་ཀླད་ན དུས་དེ་རིང
དར་ལྕོག་གི་རལ་བ་བསིག་པའི་གཡུ་སྦྲ་སྨུག་པོ་དང
ཐུལ་དཀར་འབྲི་མོ འདོ་རིགས་རྟ་ཕོ  
ད་དུང མང་པོ་མང་པོ་ཞིག་སྔར་བཞིན་རྩྭ་ཐང་དུ་ཡོད་ན  
ངས་མིག་ཆུ་འདི་གཏོར་དོན་མེད 
ངས་སྐྱོ་ཡུས་འདི་གྱེར་དོན་མེད
 
རྫ་མཐོན་པོའི་ཟོམ་ནས ཆུ་གཙང་བོའི་ངོགས་ནས
སྨན་བུ་མོའི་ལ་གཞས་འཐོར་དུས  སྟག་ཤར་རའི་ཀི་བསོ་འཕུར་དུས
ངའི་རྩྭ་ཐང་ལ་གཞོན་ཤ་ཡོད་ཀྱང
དུས་དེང་སང ཡོད་ཚད་རྨི་ལམ་བཞིན་ཡལ་ཟིན་པས
ང་སྐྱོ་བ་ཞིག་གི་ལྟེབས་ཁུག་ཏུ་མི་ལྷུང་ཐུ་མེད་རེད
 
ལོ་ཟླ་ཆུ་མོ་བཞིན་བཞུར་ཤུལ་དུ
རྒས་ཀྱིན་པའི་གངས་རི་དང་རྩྭ་ཐང
བོར་ཟིན་པའི་སྦྲ་གུར་དང་ལུག་ཁྱུ
འགྱུར་གྱིན་པའི་ཕུ་ནུ་དང་ལྕམ་སྲིང་དག
ངའི་མིག་གིས་མཐོང་ཐེངས་རེ་དང
རྣ་བས་གོ་ཐེངས་རེར ཡིད་ཀྱིས་མྱོང་ཐེངས་རེར
བཟོད་དཀའ་བའི་ན་ཟུག་རྡོག་པོ་ཞིག
ཤ་མཆིན་པའི་གསེང་དུ་འཁྱག་ཤུར་ཤུར་གྱིས་བརྡོལ་ཡོང
སེམས་བསམ་པའི་མཐིལ་དུ་ལྗིད་ཏིག་ཏིག་གིས་ལྷུང་ཡོང
 
ངའི་སེམས་པ་འདི་ཕ་ས་ལ་དུངས་དྲགས་པས
ངའི་གློ་བ་འདི་ཕ་གཞིས་ལ་ཉེ་ཆེ་བས
དུས་དེ་རིང   མེས་པོའི་གཅེས་ནོར་དག་བོར་ཟིན་པའི་ཕ་ཤུལ་སྐྱ་བོ་འདི་ནས
སྟོང་སང་སང་གི་སེམས་པ་འདི་སེམས་པས་སྐྱོར་ཏེ
སྨོན་འདུན་གཙང་མ་ཞིག་གི་ཆེད་དུ
ངས་གསོལ་འདེབས་ཁྲི་ཕྲག་གི་རླུང་རྟ་ཤུགས་ཀྱིས་སྤུར་ན་འདོད
                                       ༢༠༡༠ ༦ ༡༣ ལྷ་ས་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།