དགའ་བསུ་ཐོབ་པའི་བོད་ཀྱི་སྙན་ངག་པ་འདི་དག་གིས་ཅི་ཞིག་འཁྱོངས་ཀྱིན་འདུག

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-07

                                        ༼ལྗང་བུ༽
དུས་རབས་རེ་རེར་གསར་དུ་འཁྲུངས་བའི་ལོ་རྒྱུས་ཀྱི་བེམ་པོའི་སྲོག་ལ་ལྷད་མེད་པའི་ནམ་མཁའི་མིག་ཟུང་གིས་འཛུམ་མདངས་སྟོར་བཞིན།མཛའ་མོའི་དགོད་སྒྲ་དང་གངས་རིའི་རྔམ་བརྗིད་རྒྱབ་ཏུ་བསྒྱུར་ནས།རིའི་ཕ་རོལ་ཏུ་ཤོར་བའི་གཞན་གང་གིས་ཀྱང་གོ་རྟོགས་དབེན་པའི་གོ་ལའི་འགུལ་སྟངས་དེ་འཚོལ་བཞིན་ཡོད་དམ།
                                    ༼གཅན་མེ་སྟག༽
ལྷོ་བཞུད་ཀྱི་ཆུ་འཛིན་གསེང་ནས་ཉི་འོད་ཀྱིས་ངོ་གདོང་གཙེས་བ་ནང་བཞིན།སྙན་ངག་དང་སྙན་ངག་པའི་ལབ་གླེང་གི་སྐད་ཆ་བརྗོད་ཀྱིན་བརྗོད་ཀྱིན།སྙན་ངག་གིས་རྒས་སོང་བས་རྒས་སླ་བའི་སྙན་ངག་པ་འདི་ཉིད།བགྲེས་སོང་བའི་འགྱོད་གདུང་གི་ན་ཟུག་གསང་གཏམ་བཞིན་སྦས་ཨེ་དགོས།
                                    ༼འབྲོང༽
ཞི་འཇགས་དང་རབ་རིབ་ཀྱིས་འཁྱིལ་བའི་མཚོ་སྔོན་པོའི་རླབས་སྒྲ་གསན་ཐེངས་རེར།གླུ་ཚིག་གི་གདངས་དབྱངས་ལ་བརྒྱུས་ནས་གཞས་གདངས་གསར་བ་ཞིག་གིས་སླར་ཡང་མགྲོན་དུ་བཀུགས་ཟིན།མགྲོན་པོ་ཐོག་མ་གྱུར་བའི་སྒྱུ་འབྲས་དང་དྲང་བདེན་གྱིས་བལྟམས་པའི་མཚོ་སྔོན་བོད་སྐད་རླུང་འཕྲིན།སེམས་ཁོང་གི་མར་མེ་བཞིན་ཟད་ཀྱིན་ཟད་ཀྱིན་དུ་ཚེ་སྲོག་ཧྲིལ་བོ་བོད་པའི་སྦྲ་ནག་གི་འདེགས་ཤིང་བྱེད་རྒྱུ་ནམ།

                             ༼སྐྱབས་ཆེན་བདེ་གྲོལ༽
མུན་ནག་དང་མུན་པའི་་ཁ་གཏད་དུ་བསྒྲེང་ནས་དུས་ཚོད་ཀྱི་རྣམ་ཤེས་སྲོག་ཏུ་སྦྲུམ།མཐའ་ཡས་བའི་ནམ་མཁའ་པང་དུ་ཤོང་བཞིན་མི་ཁོམ་པའི་གནས་དང་དེའི་ཁོར་ཡུག་གི་ལྷུན་ཆགས་རང་མདངས་ལ།ཕྲ་ཚོམ་གྱི་མེ་ཏོག་གིས་མཛེས་རྒྱན་སྤྲས་ཏེ་དམངས་ཀྱིས་བཀུར་བའི་བདག་པོར་གྱུར།
                                 ༼རེ་རྐང་གླིང༽
སེམས་ནང་ནས་ཤོར་སོང་བའི་བརྩེ་དུང་གི་དུས་ཚིགས་ལ་སྒུག་ནས་ཡུན་རིང་འགོར།བརྩེ་དུང་བོར་ཚུལ་གཞན་དག་དང་འདྲ་བར་ཤེལ་སྒོའི་ནང་ངོས་སུ་སྨད་འཚོང་མ་སངས་རྒྱས་སྒྲོལ་མའི་གཟུགས་བརྙན་འཆར་ཐེངས་རེར།ཁོ་བོ་དེ་ལས་ལྷག་པའི་འབྲི་རྒྱུ་རིང་མོ་དག་རི་མོའི་སྲ་གཟུགས་སུ་བཀོད་ནས་མི་རབས་གསུམ་པའི་ཚོགས་པ་འདི་ལ་མིག་གིས་འཚོས་ནས་རྣ་བས་གཏད།
                               ༼མར་ཁུ་རྒྱལ་མཚན༽
སུ་ཡིས་རྐུ་འགྲོ་བའི་དོགས་གཞི་ཀློང་ནས་རོ་སྒམ་དེར་སེམས་ཀྱི་འགོངས་སུ་ཉལ་ཏེ།ནམ་ཡང་ཁུ་སིམ་མེར་མེ་ལོང་མདུན་དུ་རང་གི་གདོང་དང་འདྲ་བའི་བརྩེ་དུང་སྙན་ངག་ཤར་མར་བྲིས།ཁོ་ནི་ནམ་རྒྱུན་འབྲི་རྒྱུ་ལ་དགའ་ཞིང་བཤད་རྒྱུ་ལ་དེ་ལས་སུན་སྣང་ཆེ།རང་ཚུགས་བརྟན་པོ་ཞིག་དང་གཤིས་ཀ་ཇི་འདྲ་བ་ཞིག་གི་སླད་དུ་གཞན་གྱི་ཅི་ཟེར་བར་མི་སྐྲག་པར་རང་ཉིད་ལ་རང་ཉིད་ཀྱི་སྐད་ཆ་དེ་ལས་བརྒལ་མ་རུང་།
                              ༼མདའ་བཙན་པོ༽
འཁྲུག་བྱེད་ཀྱི་ལག་ཆ་གང་ཞིག་མཁོ་སྤྲོད་གནང་ཤེས་བ་ཇི་བཞིན།ཁོ་བོ་ནི་གཏན་དུ་འགྱུར་ལྡོག་གང་གི་དུས་ཚོད་ཀྱི་སྔོན་མ་ནས་བགྲེང་སྟེ།ས་སྲོད་དང་རྨི་ལམ།དུས་ཚིགས་འདྲ་བའི་ཁ་ཕྱོགས་དག་ལ་སྐད་ཆ་བསོར་མོས་སྒྱུ་རྩལ་གྱི་ལས་དབང་ཞུགས་ནས།སྐད་ཆ་ལ་ཉི་འོད་ཀྱི་ཟེགས་མ་ལྟ་བུའི་རིན་ཐང་ཆེ།
༲ཟུར་ལྟའི་གསལ་བྱེད།   
ཁོ་བོས་དེ་རིང་འདི་ལྟ་བུའི་རྩོམ་ཡིག་གིས་ལྟ་མཁན་ཁྲི་སྟོང་གི་སེམས་ལ་དཔྱད་བརྗོད་ཀྱི་རྔམས་ཤུགས་སྟེར་ཨེ་ཐུབ་སྙམ་ནས་དུས་ཚོད་ཀྱི་བཞུར་ཚུལ་བར་ནས་ཤར་མར་བྲིས་བ་ཞིག་ཡིན་ལ་ད་དུང་མང་བོ་མང་བོ་ཞིག་འབྲི་ཁོམ་མ་བྱུང་བའི་རྐྱེན་གཞན་ད་དུང་སྙན་ངག་པ༼མཚོ་བུ་དགའ་བདེ་༽དང༼ཁྲི་སེམས་དཔའ༽༼རོང་བོ་དགེ་འདུན་ལྷུན་འགྲུབ༽༼ཨ་རྡོར༽༼སྒྱུ་རྩལ་པ་སྨན་བླ་སྐྱབས༽དག་ལ་ལྟ་མཁན་གྱི་ངོས་མཐུན་ནས་སེམས་ཀྱི་འདོད་བློ་ཅིག་ཅར་དུ་བརྗོད་ཆོག་པས་ཕྲན་གྱིས་རྣམ་པ་ཚོའི་དཔྱད་བརྗོད་ལ་རེ་ཞིང་སྒུག་ནས་འདུག
                                                      ༢༠༡༠ལོའི་༧པའི་ཚེས་༧ཉིན་ལན་གྲུ་གྲོང་ཁྱེར་ནས།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་བསུ་ཐོབ་པའི་བོད་ཀྱི་སྙན་ངག་པ་འདི་དག་གིས་ཅི་ཞིག་འཁྱོངས་ཀྱིན་འདུག

2010-07-07 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།