ཉི་ནུབ་ཀྱི་འཆར་ཀ

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-06

 རྒོངས་ཀའི་ཉི་ནུབ་ཀྱི་འཆར་ཀ།

མཚམས་སྤྲིན་སིལ་ཚོམ་ལ་གྲོལ་བས།།
དམར་ཤའི་རང་མདངས་ཀྱིས་བཏབ་པའི།།
བྱད་བཞིན་ཀུ་མུད་དེ་དྲན་བྱུང༌།། 


ཕུ་ཡི་སྤང་རྒྱན་གྱི་མེ་ཏཽག།
འཛུམ་རླབས་ཆིལ་ཆིལ་དུ་བཞད་རུང༌།།
སེམས་སོང་སྐལ་བཟང་གི་མེ་ཏོག།
ནམ་ཟླའི་ཟད་སར་ཡང་མི་སྙོབ།།
 
རེག་འཇམ་དཔྱིད་རླུང་དང་ལྷན་དུ།།
ཞི་བསིལ་སྦྲང་ཆར་ཞིག་ཕབ་ཀྱང༌།།
ལྗང་བུའི་སྔོ་སིང་གིས་དབེན་པའི།།
མྱ་ངམ་བྱེ་ཐང་དེ་སྐྱོ་བ།།
 
བསུང་ཞིམ་མེ་ཏོག་གི་དོ་རར།།
ལྗང་ཁྲའི་ཕྱེ་ལེབ་ཀྱིས་ལྡིང་ཡང༌།།
གཡུ་སྦྲང་གཤོག་གླུ་ཞིག་མེད་པའི།།
རྫིང་བུའི་པདྨ་ང་སྐྱོ་བ།།
 
དུང་ཟླ་ཁེར་འགྲོས་ཀྱི་ཀློང་ནས།།
སྐར་མདའི་མེ་སྟག་དེ་འཚུབ་སྐབས།།
སོམ་ཉིའི་སྒྲོག་ཐག་གིས་བཅིངས་པའི།།
སེམས་པའི་རྟ་རྒོད་དེ་ཤོར་སོང༌།།
 
ཤམ་ཆུའི་བབ་རྒྱུན་གྱི་འགྲམ་པར།།
སྟོང་འདང་ནམ་མཁའ་ལ་ཅེར་ཚེ།།
རླབས་ཀྱི་ཟེགས་མ་ཡི་རྩེ་ནས།།
ཆུ་སྐྱར་གད་མོ་རང་ཤོར་སོང༌།།
 
གཡུ་ལོའི་ནེའུ་སིང་གི་ཚལ་ན།།
འབུ་གོག་མཉམ་འདུག་ལ་རོལ་དུས།།
མཛའ་བརྩེའི་ཞབས་བཀོད་ཀྱིས་འཚེངས་པའི།།
སྤྱི་གླིང་ཁེར་སྣང་གིས་གཟིར་འདུག།
 
བདུད་རྩི་ཨ་རག་གི་མཆོད་ཀ།
ལྷ་ཡི་རྫིང་རླབས་བཞིན་སྐྱོམ་ཡང༌།།
སྙིང་བསིལ་འདོད་རྩ་ལ་སྨན་པ།།
འོ་ཆང་མངར་མོ་དེ་ཁོ་ན།།
 
དྲི་མེད་ཨ་སྔོན་གྱི་དབྱིངས་སུ།།
ཆུ་ཁུར་འདབ་ཚར་དེ་གཡོ་སྐབས།།
སྲབ་དཀར་སྨད་གཡོག་གི་འགབ་ནས།།
འཇམ་ཤའི་མཇལ་ཁ་དེ་དྲན་བྱུང༌།།
 
ཟབ་གསང་དམ་ཆོས་ཀྱི་གསུང་དབྱངས།།
མཚན་ལྡན་བླ་མ་དེས་སྒྲོག་རུང༌།།
རབ་སྙན་སྙིང་གཏམ་གྱི་རྒྱུད་སྐུད།།
དཀྲོལ་བའི་ལྷ་མོ་དེ་སུ་ཡིན།།
 
ལི་ཁྲིའི་གུར་ཁྱིམ་གྱི་ཀློང་ནས།།
རབ་སྨིན་ཤིང་ཏོག་དེ་མངོན་སྐབས།།
སྦྲང་རྩིའི་བྲོ་བཅུད་ལས་ལྷག་པའི།།
བྱུ་རུའི་མཆུ་འདབ་དེ་དྲན་བྱུང༌།།
 
རྒྱ་ཚོགས་སྟོང་འདུས་ཀྱི་ཁྲོམ་རར།།
མཛེས་མའི་འཛུམ་སྒེག་དེ་བསྐྱེད་རུང༌།།
བཅུ་དྲུག་ན་ཚོད་ཀྱིས་སྤུད་པའི།།
ལང་ཚོའི་གུར་ཀུམ་དེ་ཁྱེད་རང༌།།
 
མཚོ་གླིང་འདབ་ཆགས་ཀྱི་བསྟི་སར།།
སྐྱུར་སྐྱུར་གདངས་སྙན་དེ་འཁྲོལ་སྐབས།།
བརྩེ་བ་ལྷད་མེད་ཀྱི་མགུར་དབྱངས།།
གྱེར་བའི་མཁའ་འགྲོ་ཁྱེད་བདེའམ།།
 
བསངས་མེད་སྙིང་ཆུང་གི་ལུ་གུའི།།
འབའ་འབའི་སྐྱོ་གཞས་གཅིག་བླངས་པར།།
གཏིང་ཟབ་བྱམས་དུངས་ཀྱིས་བཟི་བའི།།
རྫི་བོ་ལྷས་འདབས་སུ་འཁོར་དང༌།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ནུབ་ཀྱི་འཆར་ཀ

2010-07-06 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

 རྒོངས་ཀའི་ཉི་ནུབ་ཀྱི་འཆར་ཀ།

མཚམས་སྤྲིན་སིལ་ཚོམ་ལ་གྲོལ་བས།།
དམར་ཤའི་རང་མདངས་ཀྱིས་བཏབ་པའི།།
བྱད་བཞིན་ཀུ་མུད་དེ་དྲན་བྱུང༌།། 


ཕུ་ཡི་སྤང་རྒྱན་གྱི་མེ་ཏཽག།
འཛུམ་རླབས་ཆིལ་ཆིལ་དུ་བཞད་རུང༌།།
སེམས་སོང་སྐལ་བཟང་གི་མེ་ཏོག།
ནམ་ཟླའི་ཟད་སར་ཡང་མི་སྙོབ།།
 
རེག་འཇམ་དཔྱིད་རླུང་དང་ལྷན་དུ།།
ཞི་བསིལ་སྦྲང་ཆར་ཞིག་ཕབ་ཀྱང༌།།
ལྗང་བུའི་སྔོ་སིང་གིས་དབེན་པའི།།
མྱ་ངམ་བྱེ་ཐང་དེ་སྐྱོ་བ།།
 
བསུང་ཞིམ་མེ་ཏོག་གི་དོ་རར།།
ལྗང་ཁྲའི་ཕྱེ་ལེབ་ཀྱིས་ལྡིང་ཡང༌།།
གཡུ་སྦྲང་གཤོག་གླུ་ཞིག་མེད་པའི།།
རྫིང་བུའི་པདྨ་ང་སྐྱོ་བ།།
 
དུང་ཟླ་ཁེར་འགྲོས་ཀྱི་ཀློང་ནས།།
སྐར་མདའི་མེ་སྟག་དེ་འཚུབ་སྐབས།།
སོམ་ཉིའི་སྒྲོག་ཐག་གིས་བཅིངས་པའི།།
སེམས་པའི་རྟ་རྒོད་དེ་ཤོར་སོང༌།།
 
ཤམ་ཆུའི་བབ་རྒྱུན་གྱི་འགྲམ་པར།།
སྟོང་འདང་ནམ་མཁའ་ལ་ཅེར་ཚེ།།
རླབས་ཀྱི་ཟེགས་མ་ཡི་རྩེ་ནས།།
ཆུ་སྐྱར་གད་མོ་རང་ཤོར་སོང༌།།
 
གཡུ་ལོའི་ནེའུ་སིང་གི་ཚལ་ན།།
འབུ་གོག་མཉམ་འདུག་ལ་རོལ་དུས།།
མཛའ་བརྩེའི་ཞབས་བཀོད་ཀྱིས་འཚེངས་པའི།།
སྤྱི་གླིང་ཁེར་སྣང་གིས་གཟིར་འདུག།
 
བདུད་རྩི་ཨ་རག་གི་མཆོད་ཀ།
ལྷ་ཡི་རྫིང་རླབས་བཞིན་སྐྱོམ་ཡང༌།།
སྙིང་བསིལ་འདོད་རྩ་ལ་སྨན་པ།།
འོ་ཆང་མངར་མོ་དེ་ཁོ་ན།།
 
དྲི་མེད་ཨ་སྔོན་གྱི་དབྱིངས་སུ།།
ཆུ་ཁུར་འདབ་ཚར་དེ་གཡོ་སྐབས།།
སྲབ་དཀར་སྨད་གཡོག་གི་འགབ་ནས།།
འཇམ་ཤའི་མཇལ་ཁ་དེ་དྲན་བྱུང༌།།
 
ཟབ་གསང་དམ་ཆོས་ཀྱི་གསུང་དབྱངས།།
མཚན་ལྡན་བླ་མ་དེས་སྒྲོག་རུང༌།།
རབ་སྙན་སྙིང་གཏམ་གྱི་རྒྱུད་སྐུད།།
དཀྲོལ་བའི་ལྷ་མོ་དེ་སུ་ཡིན།།
 
ལི་ཁྲིའི་གུར་ཁྱིམ་གྱི་ཀློང་ནས།།
རབ་སྨིན་ཤིང་ཏོག་དེ་མངོན་སྐབས།།
སྦྲང་རྩིའི་བྲོ་བཅུད་ལས་ལྷག་པའི།།
བྱུ་རུའི་མཆུ་འདབ་དེ་དྲན་བྱུང༌།།
 
རྒྱ་ཚོགས་སྟོང་འདུས་ཀྱི་ཁྲོམ་རར།།
མཛེས་མའི་འཛུམ་སྒེག་དེ་བསྐྱེད་རུང༌།།
བཅུ་དྲུག་ན་ཚོད་ཀྱིས་སྤུད་པའི།།
ལང་ཚོའི་གུར་ཀུམ་དེ་ཁྱེད་རང༌།།
 
མཚོ་གླིང་འདབ་ཆགས་ཀྱི་བསྟི་སར།།
སྐྱུར་སྐྱུར་གདངས་སྙན་དེ་འཁྲོལ་སྐབས།།
བརྩེ་བ་ལྷད་མེད་ཀྱི་མགུར་དབྱངས།།
གྱེར་བའི་མཁའ་འགྲོ་ཁྱེད་བདེའམ།།
 
བསངས་མེད་སྙིང་ཆུང་གི་ལུ་གུའི།།
འབའ་འབའི་སྐྱོ་གཞས་གཅིག་བླངས་པར།།
གཏིང་ཟབ་བྱམས་དུངས་ཀྱིས་བཟི་བའི།།
རྫི་བོ་ལྷས་འདབས་སུ་འཁོར་དང༌།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།