འོད་ཟེར་གྱི་ཀློང་ན་པོ་ཏ་ལ་གཟིམ་འདུག

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-04

སེམས་ཀྱིས་རྒྱ་ཁྱོན་ཟིན་པའི་ཤོག་བུ་འདིའི་ངོས་སྟོང་དག་ལ
མི་རྣམས་ཀྱིས་གྲོག་མའི་འཁྱུག་རིས་ལྟ་བུའི་རི་མོ་ཞིག་འགོད་ཀྱིན་འདུག
རི་མོ་དེ་ནི་འོད་ཟེར་གྱི་མགྲིན་ལས་སྐྱུགས་པའི་ལྗན་ལྗིན་ཁྲོད་ཀྱི་རྒྱང་རིང་གི
ལམ་ཕྲན་ཞིག་ཡིན་འདུག

མིས་ཚོད་ཚོད་ལ་རང་དབང་གི་འཚང་ཁ་ཤིག་ཤིག་བྱེད་ནའང་།
སུ་དང་ཁ་ཐག་མི་རིང་ཞིང་སུ་དང་རྒྱང་ཐག་ཀྱང་མི་རིང་།
གོམ་འགྲོས་ཆད་པའི་སྨུག་ལོང་གི་ངོ་གདོང་ཁྲོད་ན་ཕོ་བྲང་
དཀར་དམར་གཉིས་བོའང་གཟིམ་འདུག
ཐག་གིས་སྦྲེལ་བའི་གཙུག་ལག་ཁང་རེ་རེའི་ཉམས་སྣང་དེ་ལས།
ས་ཆེན་པོས་གནམ་གྱི་ཕྱེད་ཀ་བཟུང་ཞིང་མེས་བོའི
་བླ་རི་ཁྲག་གི་ཐིགས་པ་འབྱར་བ་རྟོགས།

རྨི་ལམ་ལས་རྐང་རྗེས་བསུབ་མྱོང་བའི་དུས་ཚིགས་ཀྱི་སོ་ཁ་བརྡར་ནས།
ངས་ཆོས་སྒྲའི་དུངས་བ་འཇགས་བཞིན་པ་ཚོར་བྱུང་།

དེ་ནི་བསྡད་ཀྱིན་བསྡད་ཀྱིན་དུ་ང་ཚོ་སླར་ཡང་རྨི་ལམ་གྱི་
མགྲོན་ལ་བསུ་བའི་སྟ་གོན་བཞིན།

ཉི་མ་ནི་ངའི་མཐའ་འཁོར་གྱི་སྒྲོན་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ནའང་།
ང་ནི་འོད་ཟེར་གྱི་དབྱིངས་ལ་འཐིམ་པའི་ཚེ་སྲོག་གི་ཁུར་བོ་དེ་ཡིན་འདུག
མཐོ་སྒང་གི་གསོལ་འདེབས་རྣམ་ཤེས་ཀྱི་དགོད་སྒྲའི་ཁྲོད་ནས་འགག་པའི་
ལོ་ངོ་ག་ཚོད་ཞིག་གི་ཡར་སྔོན་དུ།
གཡང་དཀར་དུ་ལྕེབས་ཟིན་པའི་ཐ་སྙད་ཤི་རོ་དེ་དག་གི་ཕྱིར་དུ།
རུས་རྐང་རྡོ་ལ་བཏེགས་ནས་རྡོ་གཡའ་མའི་གངས་ལ་བརྡེག་མཁན་ཁོ་ཚོ་རེད།

ངས་ད་དུང་རྨི་ལམ་གྱི་འོད་ཟེར་དྲན་གྱིན་འདུག
ངས་སླར་ཡང་སང་ཉིན་གྱི་ནམ་མཁའ་དྲན་གྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འོད་ཟེར་གྱི་ཀློང་ན་པོ་ཏ་ལ་གཟིམ་འདུག

2010-07-04 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

སེམས་ཀྱིས་རྒྱ་ཁྱོན་ཟིན་པའི་ཤོག་བུ་འདིའི་ངོས་སྟོང་དག་ལ
མི་རྣམས་ཀྱིས་གྲོག་མའི་འཁྱུག་རིས་ལྟ་བུའི་རི་མོ་ཞིག་འགོད་ཀྱིན་འདུག
རི་མོ་དེ་ནི་འོད་ཟེར་གྱི་མགྲིན་ལས་སྐྱུགས་པའི་ལྗན་ལྗིན་ཁྲོད་ཀྱི་རྒྱང་རིང་གི
ལམ་ཕྲན་ཞིག་ཡིན་འདུག

མིས་ཚོད་ཚོད་ལ་རང་དབང་གི་འཚང་ཁ་ཤིག་ཤིག་བྱེད་ནའང་།
སུ་དང་ཁ་ཐག་མི་རིང་ཞིང་སུ་དང་རྒྱང་ཐག་ཀྱང་མི་རིང་།
གོམ་འགྲོས་ཆད་པའི་སྨུག་ལོང་གི་ངོ་གདོང་ཁྲོད་ན་ཕོ་བྲང་
དཀར་དམར་གཉིས་བོའང་གཟིམ་འདུག
ཐག་གིས་སྦྲེལ་བའི་གཙུག་ལག་ཁང་རེ་རེའི་ཉམས་སྣང་དེ་ལས།
ས་ཆེན་པོས་གནམ་གྱི་ཕྱེད་ཀ་བཟུང་ཞིང་མེས་བོའི
་བླ་རི་ཁྲག་གི་ཐིགས་པ་འབྱར་བ་རྟོགས།

རྨི་ལམ་ལས་རྐང་རྗེས་བསུབ་མྱོང་བའི་དུས་ཚིགས་ཀྱི་སོ་ཁ་བརྡར་ནས།
ངས་ཆོས་སྒྲའི་དུངས་བ་འཇགས་བཞིན་པ་ཚོར་བྱུང་།

དེ་ནི་བསྡད་ཀྱིན་བསྡད་ཀྱིན་དུ་ང་ཚོ་སླར་ཡང་རྨི་ལམ་གྱི་
མགྲོན་ལ་བསུ་བའི་སྟ་གོན་བཞིན།

ཉི་མ་ནི་ངའི་མཐའ་འཁོར་གྱི་སྒྲོན་ཆེན་པོ་ཞིག་ཡིན་པའི་དབང་དུ་བཏང་ནའང་།
ང་ནི་འོད་ཟེར་གྱི་དབྱིངས་ལ་འཐིམ་པའི་ཚེ་སྲོག་གི་ཁུར་བོ་དེ་ཡིན་འདུག
མཐོ་སྒང་གི་གསོལ་འདེབས་རྣམ་ཤེས་ཀྱི་དགོད་སྒྲའི་ཁྲོད་ནས་འགག་པའི་
ལོ་ངོ་ག་ཚོད་ཞིག་གི་ཡར་སྔོན་དུ།
གཡང་དཀར་དུ་ལྕེབས་ཟིན་པའི་ཐ་སྙད་ཤི་རོ་དེ་དག་གི་ཕྱིར་དུ།
རུས་རྐང་རྡོ་ལ་བཏེགས་ནས་རྡོ་གཡའ་མའི་གངས་ལ་བརྡེག་མཁན་ཁོ་ཚོ་རེད།

ངས་ད་དུང་རྨི་ལམ་གྱི་འོད་ཟེར་དྲན་གྱིན་འདུག
ངས་སླར་ཡང་སང་ཉིན་གྱི་ནམ་མཁའ་དྲན་གྱིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།