མི་རབས་གསུམ་པའི་འཚོ་སྟངས།

སྤྱང་ལྟོགས་ཁྲིད་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-03

                                      ______  སྙན་ངག་པའི་དཔུང་སྡེ།
རྒོད་པོ་བཞིན་འཕུར་གྱིན་པའི་ཁོ་ཚོར
དུས་མཐའི་སྨུག་ཀློང་གི་ཁྲོད་ན་མྱི་ཁ་དང་འཕྱ་དམོད་ཀྱིས་ཅི་ལྟར་ཁེངས་ཀྱང
འཚོ་བ་དང་རེ་སྙེགས་ཀྱི་འགྲམ་ན་བགོད་ཀྱིན་འདུག
 
སེམས་དང་ཁྲག་རྒྱུན་བསམ་པའི་དཔུང་སྡེ
གཟི་བརྗིད་དང་སྤོབས་སེམས་འདེགས་བའི་དཔུང་སྡེ
 
གངས་རི་དེ་གངས་རི་ཞིག་ཡིན་པར་ཆ་བཞག་ན
ཁོ་ཚོ་ནི་ཏི་སེའི་འགྱིང་ཉམས་ཡིན་ལ
ནམ་མཁའ་དེ་ནམ་མཁའ་ཞིག་ཡིན་པའི་དབང་དུ་བཏང་ན
ཁོ་ཚོ་ལ་ཉི་མ་ལས་མངར་ཆེ
 
སྤྱོད་ཁང་ལས་ཁོག་ཡངས་པའི་ཁོ་ཚོ
དུག་མདའ་ལས་ཁ་རྩུབ་བའི་བོད་མི
 
རི་སྤྱང་བཞིན་འདུར་རྒྱུགས་བྱེད་བཞིན་པའི་ཁོ་ཚོའི་ཤ་མི་ཟ་ལ
མ་ཎི་ཡང་མི་འདོན
རྒྱ་སྟག་བཞིན་མདུན་དུ་མཆོངས་བཞིན་པའི་ཁོ་ཚོའི་དྲང་བདེན་དང་གནས་ལུགས་འཁུར་ལ
མགོ་བོ་དང་གཉའ་མི་འདར
                                       ༢༠༡༠.༦.༢༩ཉིན་ཟི་ལིང་ནས །

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་རབས་གསུམ་པའི་འཚོ་སྟངས།

2010-07-03 སྤྱང་ལྟོགས་ཁྲིད་རྒོད། ཀློག་གྲངས། མཆན ཡོད།

                                      ______  སྙན་ངག་པའི་དཔུང་སྡེ།
རྒོད་པོ་བཞིན་འཕུར་གྱིན་པའི་ཁོ་ཚོར
དུས་མཐའི་སྨུག་ཀློང་གི་ཁྲོད་ན་མྱི་ཁ་དང་འཕྱ་དམོད་ཀྱིས་ཅི་ལྟར་ཁེངས་ཀྱང
འཚོ་བ་དང་རེ་སྙེགས་ཀྱི་འགྲམ་ན་བགོད་ཀྱིན་འདུག
 
སེམས་དང་ཁྲག་རྒྱུན་བསམ་པའི་དཔུང་སྡེ
གཟི་བརྗིད་དང་སྤོབས་སེམས་འདེགས་བའི་དཔུང་སྡེ
 
གངས་རི་དེ་གངས་རི་ཞིག་ཡིན་པར་ཆ་བཞག་ན
ཁོ་ཚོ་ནི་ཏི་སེའི་འགྱིང་ཉམས་ཡིན་ལ
ནམ་མཁའ་དེ་ནམ་མཁའ་ཞིག་ཡིན་པའི་དབང་དུ་བཏང་ན
ཁོ་ཚོ་ལ་ཉི་མ་ལས་མངར་ཆེ
 
སྤྱོད་ཁང་ལས་ཁོག་ཡངས་པའི་ཁོ་ཚོ
དུག་མདའ་ལས་ཁ་རྩུབ་བའི་བོད་མི
 
རི་སྤྱང་བཞིན་འདུར་རྒྱུགས་བྱེད་བཞིན་པའི་ཁོ་ཚོའི་ཤ་མི་ཟ་ལ
མ་ཎི་ཡང་མི་འདོན
རྒྱ་སྟག་བཞིན་མདུན་དུ་མཆོངས་བཞིན་པའི་ཁོ་ཚོའི་དྲང་བདེན་དང་གནས་ལུགས་འཁུར་ལ
མགོ་བོ་དང་གཉའ་མི་འདར
                                       ༢༠༡༠.༦.༢༩ཉིན་ཟི་ལིང་ནས །

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།