སྒྲོལ་མ་འཚོ། ངས་ཁྱོད་ལ་ཕོག་ཐིག་བཟོས་ཡོད་ན་ཐང་།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-07-02

                           ___________སྙན་ངག་འདི་ངས་ཁྱོད་ལ་བྲིས་བའི་ཆེས་མཐའ་མཇུག་གི་ཁྲག་ཐིགས་ཡིན།        
                    
                                 ༼ངོ་ཟིན་པའི་དུས་ནས་བཟུང་།༽
རྣམ་ཤེས་ཀྱི་མིག་ཟུང་གཙང་བོ་དང་རི་རབ་ཀྱི་ཁ་བ་བཞིན་དགུང་དུ་བཏེགས་ནས།
ངས་མཚོ་མོའི་ཉེ་ངོགས་ནས་རྒྱ་མཚོ་བལྟ་བྱེད་ཀྱི་
དབང་བོ་གལ་ཆེན་ཞིག་སེམས་ནས་ཡང་ཡང་བསྒྲིགས།
སྟོན་རླུང་གིས་དེད་ཡོང་བའི་ས་རྡུལ་གྱི་བྱེ་མའི་རླུང་གིས་ངའི་མིག་ཟུང་འདི་ལ་
ཕོག་ཐིག་གང་ཞིག་བཟོས་མེད་ནའང་།
ལུས་ཀྱི་གྲིབ་གཟུགས་འདི་པང་ཁུགས་ལེབ་མོ་འདིའི་གནོན་ཤུགས་
ལྕི་མོ་ཞིག་རེད།
རེད་ཡ།    ས་སྲོད་ཀྱིས་དེད་ཡོང་བའི་ཡིད་ཆས་ཀྱི་རྨི་ལམ་རྨིས་ཚུལ་འདི
རེ་ཞིག་མཚམས་བཞག་ཏེ། 
ངས་མདང་དགོང་ཁྱོད་དང་འཕྲད་པའི་གཏམ་རྒྱུད་ཀྱི་གོ་རིམ་ལ་མཇུག་འབྲས་ཡོད་མེད་དེ་གླེང་ན་འདོད།
ད་ནས་བཟུང་།     ངའི་འཚོ་བའི་གྲུ་ག་རེ་རེ་ལ་མེ་ལོང་གཙང་མ་ཞིག་བཞག་ཡོད་པ་ནང་བཞིན།
ང་གཅིག་པུར་དབང་བའི་ཁང་མིག་གི་སྒོ་གླེགས་འདི་འདི་ལྟར་དལ་བུར་ཕྱེས་སོང་།
                       
                       ༼ཆེས་འདྲིས་བའི་ཉིན་དག་ནས།༽
ངས་ལག་པས་མཐོང་དབྱིངས་སུ་ཤར་བའི་འཇའ་ཚོན་
འཛིན་ཐུབ་པའི་དཔའ་སྤོབས་ཞིག་ཡོད་སྲིད་བཞིན།
འཕྲུལ་སྣང་རྟོག་བཏགས་ཀྱི་ངོས་སུ་རིགས་ལམ་ཀྱི་རྣམ་ཤེས་ཤིག་གི་གཟུགས་བརྙན་
འདར་ཡོམ་བྱེད།
རྒྱུད་སྐུད་ཀྱི་ལམ་ནས་ངས་ཁྱོད་ལ་གཞས་གདངས་གསར་བ་གཏོང་ཐེངས་རེར།
ཁྱོད་ནི་ང་དང་ཁ་ཐག་མི་རིང་བའི་ངའི་ཉེ་ངོགས་ཀྱི་དཀར་གསལ་ཟླ་བ་དེ་ཡིན་འདུག
དུས་རྒྱུན་དུ།  
ཟླ་བ་དང་ཟླ་འོད་ནི་སྙན་ངག་གི་ལམ་ནས་གཏོར་བའི་སྒྱུ་རྩལ་
གྱི་ཉམས་སྣང་ཞིག་ཡིན་ལ། 
དེ་དགོང་ཡང་ངས་ཁྱོད་ལ་ཟླ་འོད་ཀྱི་དྲོད་འཇམ་ལྟ་བུའི་མཆུ་སྒྲོས་གླན་འདོད་དུས་སུ།
རླུང་བུ་དེས་ངའི་སྐད་ཅིག་གི་འཚོ་བའི་རིན་ཐང་ལ་བཀག་འགོག་ཐེངས་ཤིག་བཟོས།
ཡིན་མོད་ཀྱང་།  
ནམ་མཁའ་ནི་ནམ་མཁའ་ཡིན་པའི་ཆ་བཞག་ན།
ཁྱོད་ནི་དུས་ངེས་གཏན་མེད་པར་ངའི་བཞིན་རས་ཀྱི་ཁ་ཕྱོགས་འཚོལ་མཁན་དེ་རེད།
                 
                          ༼ཁ་གྱེས་རྗེས་ངས་ཁྱོད་ལ་འཕྲིན་པ་གཏོང་མ་ཕོད།༽
ངས་དུས་རབས་ཞིག་གི་ཁྲེས་བོ་སེམས་ཚེགས་བཞིན་བཏུས་ནས་
ལྷིང་འཇགས་ཀྱི་མི་ཚོགས་ཅིག་ལ་ཡིད་སྨོན་འཆོར།
གོམ་པ་སྤོས་ཚར་བའི་ཕྱིར་བསྣུར་གྱི་ལས་ལ་རིན་ཐང་མེད་ཀིན་བསམ་ནས།
ཡ་མ་ཟུང་གི་སྐད་ཆ་ཞིག་འདི་ལྟར་ལབ་དགོས་བྱུང་།
དགོང་ཁའི་མཚམས་སྤྲིན་གྱི་མཛེས་སྡུག་གིས་ནེམ་ཤུར་ཤུར་གྱི་མིག་ཟུང་བསྒྲིབས་ནའང
རབ་རིབ་དང་མག་མོག་གི་འཚོ་བའི་གདམ་ཀ་འདི་དག་ལ་ང་ཧ་ཆང་དུངས།
སྤྲིན་ལ་གཤོག་པ་མེད་བཞིན་དུ་ངས་ཁྱོད་ལ་སྤྲིན་པའི་འཕྲིན་པ་ཞིག་བཟོས་ཡོད།
འཕྲིན་པ་དེ་ནི་བྱ་ཕུག་རོན་བྲེལ་ཟིང་གི་ཁྲོད་ནས་ཤི་སོང་བའི་
ལན་ཆགས་ཐེངས་ཤིག་རེད།
མདང་དགོང་ཡང་ངས་ཁྱོད་ལ་ཆེས་མཐའ་མཇུག་གི་སྙན་ངག་ཚར་གསུམ་བཏུས་ཡོད།
ངའི་སྐད་ཆ་ལ་སྒྱུ་རྩལ་གྱི་སྲོག་གསོན་པོ་བྱུགས་མེད།
ངའི་བརྩེ་དུང་ལ་འཚོ་བའི་ལས་རྐང་བཙུགས་མེད།
ང་ཁྱོད་དང་གྱེས་ཚུལ་ལ་ཐེ་ཚོམ་གྱི་དྲི་བ་ཞིག་གིས་མཇུག་རྫོགས་སོང་།

                                     2010ལོའི་ཟླ་7པའི་ཚེས་1ཉིནལན་གྲུ་གྲོང་ཁྱེར་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒྲོལ་མ་འཚོ། ངས་ཁྱོད་ལ་ཕོག་ཐིག་བཟོས་ཡོད་ན་ཐང་།

2010-07-02 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།