གློག་ཆད་རྗེས།

རི་འཚེར་དབང་རྒྱལ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-30

ཟང་ཟིང་གིས་མགོ་བོ་དུད་པའི་མི་ཚོགས།

དབེན་འཇགས་ཀྱི་རི་བོ་སྐྱོམ་མཁན་དེ་རེད།

རྐང་བ་དང་ལག་པའི་ཟིན་ས་ནས།

ལབ་བརྡོལ་དང་བྲག་ཅ་ཞིག་དབྱངས་སུ་གྱེར།

གཉིད་བདེ་མོ་ཁུགས་པའི་མི་བུ་ཚོན་པོ་དག

ཁ་སང་གི་བྲེལ་བའི་བྱ་བ་དེའི་མཇུག་ཏུ།

དེ་རིང་གྲུབ་འབྲས་ཞིག་ཡོད་པར་བསམ།

གློ་བུར་དུ་གློག་ཆད་རྗེས།

ང་ཚོ་ལ་ཅི་ཡང་མི་འདུག

ང་ཚོའི་རུམ་ཁ་ན་མེ་སྒྲོན་རྒྱུ་མེད་པས།

ཉེ་ངོགས་སུ་ནུབ་པའི་ལམ་ཆེན་དེ་ཡང་།

གློག་ཆད་རྗེས།

ད་གཟོད་འཇིགས་སྣང་ཆེན་པོ་ཞིག་རེད།

རྩོམ་ཁུངས། མ་ལྷོ་ཚགས་པར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཆད་རྗེས།

2010-06-30 རི་འཚེར་དབང་རྒྱལ་ཚེ་རིང་། ཀློག་གྲངས། མཆན ཡོད།

ཟང་ཟིང་གིས་མགོ་བོ་དུད་པའི་མི་ཚོགས།

དབེན་འཇགས་ཀྱི་རི་བོ་སྐྱོམ་མཁན་དེ་རེད།

རྐང་བ་དང་ལག་པའི་ཟིན་ས་ནས།

ལབ་བརྡོལ་དང་བྲག་ཅ་ཞིག་དབྱངས་སུ་གྱེར།

གཉིད་བདེ་མོ་ཁུགས་པའི་མི་བུ་ཚོན་པོ་དག

ཁ་སང་གི་བྲེལ་བའི་བྱ་བ་དེའི་མཇུག་ཏུ།

དེ་རིང་གྲུབ་འབྲས་ཞིག་ཡོད་པར་བསམ།

གློ་བུར་དུ་གློག་ཆད་རྗེས།

ང་ཚོ་ལ་ཅི་ཡང་མི་འདུག

ང་ཚོའི་རུམ་ཁ་ན་མེ་སྒྲོན་རྒྱུ་མེད་པས།

ཉེ་ངོགས་སུ་ནུབ་པའི་ལམ་ཆེན་དེ་ཡང་།

གློག་ཆད་རྗེས།

ད་གཟོད་འཇིགས་སྣང་ཆེན་པོ་ཞིག་རེད།

རྩོམ་ཁུངས། མ་ལྷོ་ཚགས་པར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།