སེམས་ཀྱི་སྦུབས་སུ་འཚང་བའི་བརྙན་གཟུགས།

                                                          _______མུ་འབྲེལ་སྙན་ངག<<ཨ་མ>>ལས་ཁག༧༡།
དཔེ་དེབ་དེ་ལག་ནས་ཤོར་སོང་བའི་བུ་མོ་ཞིག་གི་ངོ་གདོང
གནས་ལམ་ནས་ཁྱོད་ཀྱི་ཕྱིར་མིག་ལ་རིན་ཐང་མ་འཇལ་ཡང
རྟ་ཕོ་དེའི་རྨིག་སྒྲ་དང་མཉམ་དུ་ལྷུང་སོང་བའི་མཆི་མ་དེ
ས་རྡུལ་གསེབ་དུ་ཡང་ན་ཟིལ་བ་ལ་འདྲེས་ནས
སང་ལོའི་མེ་ཏོག་ཅིག་གི་འབྲས་བུ་བརླན་པར་བྱེད་དུས
བརྙན་གཟུགས་ཤིག་རབ་རིབ་ངང་གྱང་ངོས་ལ་བྲིས་པ་དང་འདྲ་བར
ས་རུབ་པའི་དུས་ཚོད་རེ་རེ་བཞིན་མགྲོན་དུ་ཡོང

ལྕི་བ་མཁར་ལ་བརྩིགས་ནས་འགྲུབ་པའི་ཁྱོད་ཀྱི་ཕོ་བྲང
སྒྱེད་པུའི་གཡོན་འགྲམ་ནས་དུ་བ་ལ་བསྐུར་བའི་སྐད་ཆ་དེ་ཡང
མིག་ཤེལ་གྱོན་ཡོད་པའི་ཁོ་བོའི་རྣ་ལམ་དུ་ཆས་སམ
འོན་ཀྱང་ཡིད་ཆེས་ཀྱི་ངོ་མདངས་དེ་མཐོང་ཚེ
སུ་ཞིག་ཁྱོད་ཀྱི་གམ་ནས་ད་དུང་གནམ་ལ་འཕུར

རོལ་མོ་ཇི་ལྟར་སེམས་ཀྱི་གཏིང་ལ་ཟུག
རྒྱུ་སྐུད་ཕྲ་མོ་དེ་དག་ཀྱང་ཤུགས་ཆེན་པོས་ལྡེམ་མྱུར་བྱེད་སྐབས
གླུ་བུར་དུ་ཁྱོད་ཀྱི་གམ་ན་ངུར་བ་འཐེན་པའི་བྲག་ཅ་ཡལ་ལ
མཚན་མོ་ཞིག་གི་རྨི་ལམ་ལ་ཁ་དོག་གིས་བརྒྱན་འདུག་ཀྱང
དེ་ནི་སེམས་ཀྱི་སྦུབས་ན་ནར་སོན་གྱིན་པའི་རེ་སྒུག་འཁྲུལ་མ
སྐྱ་རེངས་དེ་སྔས་འགྲམ་ནས་རྩྭ་སྐྱ་བཞིན་འཁུར་མི་སྲིན་ན་ཡང
གཙང་བོ་ཤག་ཤག་བཞུར་བ་དང
དེ་ཡི་ནང་ན་འཚོ་བའི་ཉ་མོ་ཡང་རང་དབང་གི་འཁྱུག་རྩལ་ལ་རོལ

དགུན་གྱི་རླུང་བུ་དེས་བསྐྱོད་པའི་རྡུལ་ཕྲན་འགའ་རེ
དྲ་མའི་ཕྱི་རོལ་ན་བར་སྣང་གི་འཇིག་རྟེན་དུ་གཡོ་དུས
ཁྱོད་ཀྱིས་ད་དུང་གནའ་གཏམ་དེ་ཚོ་རྔོད་དམ
ཁ་བའི་འདབ་མ་དེ་དག་ཀྱང་མེ་ནང་དུ་ལྷུང་བ་ན
ཚག་སྒྲ་ཞིག་དང་མཉམ་དུ་ཐལ་བ་རུ་འགྱུར
བདག་གིས་ཀྱང་མེ་ལོང་གི་ངོས་སུ་རང་ཉིད་མཐོང་འདོད་སྐྱེས་ཀྱང
ང་རང་གཏན་དུ་ཡོལ་བ་དེའི་ལྟག་རྒྱབ་ལ་ཡིབ

གླིང་བུ་འབུད་པའི་གཞོན་ནུ་ཞིག
ཟླ་འོད་ཁྲོད་དུ་འཕྱམ་འཕྱམ་དུ་ཁྱོད་ཀྱི་སྙན་ངག་དུ་འཛུལ་ཀྱང
རྩམ་པ་ཕོར་པ་གང་གིས་ཁྱོད་གང་དུ་ཁྲིད
ཇག་ལམ་གྱི་འཇབ་རྒོད་དེ་ཡང་འཇགས་པ་ན
སེམས་ཀྱི་སྦུབས་སུ་འཚང་ཁ་ཤིག་ཤིག་གི་ཤོག་བུ་དེ་དག་མེ་རུ་སྒྲོན་ནས
ལྔ་ལམ་ན་ཡོད་པའི་སྙིང་ཉེ་ཞིག་དྲན་པ་གྱ་གྱུ་རུ་བཀུག
སྐབས་དེར      བརྙན་གཟུགས་ཤིག་མེ་རུ་འབར
བརྙན་གཟུགས་ཤིག་རྣམ་ཤེས་ཀྱི་སྦུབས་སུ་འཚང
སེམས་ཀྱི་སྦུབས་སུ་འཚང་བའི་བརྙན་གཟུགས་དེ་ནི་འོད་ཀྱིས་བཟུང
      སྤྱི་ལོ༢༠༠༩ལོའི་ཟླ༡༢བའི་ཚེས༡༠ཉིན་ཆུ་ཁ་མ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་སྦུབས་སུ་འཚང་བའི་བརྙན་གཟུགས།

2010-06-24 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།