བརྩེ་ཞེན་གྱི་ཕ་ས་ཕ་ཡུལ།

དེ་རིང་ནི
བརྩེ་ཞེན་གྱིས་ཁེངས་པའི་ཕ་ཡུལ་ཁྱེད་ཀྱི་རུམ་ཁུང་དང་གྱེས་ཏེ
ཁང་བརྩེགས་ཀྱི་རྔམ་ཁ་བརྗིད་ས་དང
མི་ཚོགས་ཀྱི་ངོ་གདོང་མང་སའི་གྲོང་ཁྱེར་འདིར
ཕུགས་མདུན་དཀར་པོ་དེའི་སླད་དུ་འོང་བའི་ཉི་མར་ཁེལ་ཡོད
 
སྤྲིན་དཀར་གྱི་ཞྭ་མོ་མནབས་པའི་རྨ་ཆེན་གངས་རྒན་གྱི་དབུ་རྩེ་མཐོང་ས
སྐྱེ་འགྲོའི་བླ་སྲོག་གི་དྭངས་མ་སྐྱོང་པའི་རྨ་ཀླུང་གཙང་པོའི་རླབས་རྒྱུན་ཐོས་ས
མི་ལོ་གང་མང་གི་མཚར་སྡུག་གི་རྨི་ལམ་དྲོད་མོ
མངོན་དུ་གྱུར་བའི་ཁྲ་ཁྲ་རིག་རིག་གི་གྲོང་ཁྱེར་འདི་ནས
ངས་ཁྱེད་ཀྱི་ལྗང་ནེམ་ནེམ་གྱི་ཁུགས་པ་ནས་རྨིས་པའི
ཕྱིར་མི་ལྡོག་པའི་མཚར་སྡུག་གི་ཕུགས་མདུན་མཐའ་དག
དྲི་མེད་དྭགས་གཙང་གི་སེམས་པ་དམར་པོ་དེའི་གྲུ་ཟུར་རེ་རེ་ནས
ཆུ་མོ་ཞིག་གི་ཟོལ་གྱིས་བཞུར་འོང་དུས
གོམ་ཁ་འདི་ག་ཙམ་དལ་བ་དང་ངོ་གདོང་འདི་ཅི་ལྟར་བརླན་པའང་ཚོར་བ་མ་བྱུང
 
སྲད་པུར་བརྒྱུས་པའི་ཁྱེད་དང་ང་ཡི་ལྷད་མེད་ཀྱི་འདང་བརྩེ་ཟབ་མོ
མཚོ་ལ་བསྲེས་པའི་རབ་དཀར་ཀྱི་འོ་མ་ཇི་བཞིན
མཚར་ཉམས་གྱི་ལང་ཚོའི་གོ་རིམ་ལ་འཐུམས་ཤིང
ཁྲག་གིས་བྲིས་པའི་སྙན་ངག་གི་རྒྱབ་ལྗོངས་སུ་བྱས་ཡོད
 
ང་ལ་ཐོབ་པའི་དལ་འབྱོར་གྱི་མི་ལུས་འདི
ཁྱེད་ཀྱིས་གནང་བའི་ཟོལ་མེད་ཀྱི་ལག་སྐྱེས་ཡིན་ན
སྲོག་ལ་རྒྱུས་པའི་དུངས་སེམས་ཀྱི་སྙན་ངག་འདི
ཁྱེད་ལ་ཕུལ་བའི་ཞིམ་མངར་གྱི་འོ་ཇ་ཅི་ལ་མིན
 
ཁྱེད་ཀྱི་མིག་ཀོང་ནས་བྲིས་པའི་རིན་བྲལ་གྱི་གཏམ་རྒྱུད་རེ་རེ
ཆོད་དུ་མེད་པའི་ལམ་བར་གྱི་རྒྱགས་ཕྱེ་རུ་གྱུར་ཅིང
མཆོག་ཏུ་གྱུར་བའི་བདག་གི་མཛེས་རྒྱན་དུ་འཁུམས་ཡོད
 
ཕ་ས་ཕ་ཡུ
ངའི་རུས་རྐང་ལ་འཐུམས་པའི་མར་ལོ་སེར་པོ
ངའི་དུང་སེམས་ལ་རྒྱུས་པའི་མཛའ་གཞས་སྙན་མོ
ཕ་ས་ཕ་ཡུལ   

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་ཞེན་གྱི་ཕ་ས་ཕ་ཡུལ།

2010-06-22 རབ་འབྱོར། ཀློག་གྲངས། མཆན ཡོད།

དེ་རིང་ནི
བརྩེ་ཞེན་གྱིས་ཁེངས་པའི་ཕ་ཡུལ་ཁྱེད་ཀྱི་རུམ་ཁུང་དང་གྱེས་ཏེ
ཁང་བརྩེགས་ཀྱི་རྔམ་ཁ་བརྗིད་ས་དང
མི་ཚོགས་ཀྱི་ངོ་གདོང་མང་སའི་གྲོང་ཁྱེར་འདིར
ཕུགས་མདུན་དཀར་པོ་དེའི་སླད་དུ་འོང་བའི་ཉི་མར་ཁེལ་ཡོད
 
སྤྲིན་དཀར་གྱི་ཞྭ་མོ་མནབས་པའི་རྨ་ཆེན་གངས་རྒན་གྱི་དབུ་རྩེ་མཐོང་ས
སྐྱེ་འགྲོའི་བླ་སྲོག་གི་དྭངས་མ་སྐྱོང་པའི་རྨ་ཀླུང་གཙང་པོའི་རླབས་རྒྱུན་ཐོས་ས
མི་ལོ་གང་མང་གི་མཚར་སྡུག་གི་རྨི་ལམ་དྲོད་མོ
མངོན་དུ་གྱུར་བའི་ཁྲ་ཁྲ་རིག་རིག་གི་གྲོང་ཁྱེར་འདི་ནས
ངས་ཁྱེད་ཀྱི་ལྗང་ནེམ་ནེམ་གྱི་ཁུགས་པ་ནས་རྨིས་པའི
ཕྱིར་མི་ལྡོག་པའི་མཚར་སྡུག་གི་ཕུགས་མདུན་མཐའ་དག
དྲི་མེད་དྭགས་གཙང་གི་སེམས་པ་དམར་པོ་དེའི་གྲུ་ཟུར་རེ་རེ་ནས
ཆུ་མོ་ཞིག་གི་ཟོལ་གྱིས་བཞུར་འོང་དུས
གོམ་ཁ་འདི་ག་ཙམ་དལ་བ་དང་ངོ་གདོང་འདི་ཅི་ལྟར་བརླན་པའང་ཚོར་བ་མ་བྱུང
 
སྲད་པུར་བརྒྱུས་པའི་ཁྱེད་དང་ང་ཡི་ལྷད་མེད་ཀྱི་འདང་བརྩེ་ཟབ་མོ
མཚོ་ལ་བསྲེས་པའི་རབ་དཀར་ཀྱི་འོ་མ་ཇི་བཞིན
མཚར་ཉམས་གྱི་ལང་ཚོའི་གོ་རིམ་ལ་འཐུམས་ཤིང
ཁྲག་གིས་བྲིས་པའི་སྙན་ངག་གི་རྒྱབ་ལྗོངས་སུ་བྱས་ཡོད
 
ང་ལ་ཐོབ་པའི་དལ་འབྱོར་གྱི་མི་ལུས་འདི
ཁྱེད་ཀྱིས་གནང་བའི་ཟོལ་མེད་ཀྱི་ལག་སྐྱེས་ཡིན་ན
སྲོག་ལ་རྒྱུས་པའི་དུངས་སེམས་ཀྱི་སྙན་ངག་འདི
ཁྱེད་ལ་ཕུལ་བའི་ཞིམ་མངར་གྱི་འོ་ཇ་ཅི་ལ་མིན
 
ཁྱེད་ཀྱི་མིག་ཀོང་ནས་བྲིས་པའི་རིན་བྲལ་གྱི་གཏམ་རྒྱུད་རེ་རེ
ཆོད་དུ་མེད་པའི་ལམ་བར་གྱི་རྒྱགས་ཕྱེ་རུ་གྱུར་ཅིང
མཆོག་ཏུ་གྱུར་བའི་བདག་གི་མཛེས་རྒྱན་དུ་འཁུམས་ཡོད
 
ཕ་ས་ཕ་ཡུ
ངའི་རུས་རྐང་ལ་འཐུམས་པའི་མར་ལོ་སེར་པོ
ངའི་དུང་སེམས་ལ་རྒྱུས་པའི་མཛའ་གཞས་སྙན་མོ
ཕ་ས་ཕ་ཡུལ   

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།