གཞས་ལ་གཞས་ཤིག་སྡེབ་ན།

མེ་ཏོག་འདབ་མ་རླུང་གིས་ཆག་ཆག་བཏང་སོང༌།།

གཡུ་སྦྲང་གཤོག་པ་བ་མོས་ནེམ་ནེམ་བྱས་ཡོད།།

མུན་པས་གསེབ་ནས་ལག་ཟུང་གང་ལ་བསྲིངས་ཀྱང༌།།

དྲན་པའི་གཞས་ཤིག་སེམས་ཀྱི་གཏིང་ནས་བླངས་ཡོད།།

ཞོགས་པའི་ཉི་ཟེར་གཙང་བོའི་ནང་དུ་ལྷུང་ཀྱང༌།།

ཉ་མོའི་འཁྱུག་རྩལ་རྨི་ལམ་སྒྱུ་མ་ཐུན་གསུམ།།

འོད་ཟེར་ཕྲ་མོ་བར་སྣང་ཁམས་སུ་ཤར་སྐབས།།

བརྩེ་བའི་འཇའ་གུར་སྐད་ཅིག་དུས་ཀྱི་སྨིག་རྒྱུ།།

དྲན་སྣང་གྱ་གྱུ་སེམས་ཀྱི་གཟབ་སར་ཟུག་ཀྱང༌།།

ལུས་ཀྱི་རེག་བྱ་ཚེར་མའི་ངང་དུ་ཡོད་ན།།

ང་ཡི་རྐང་བ་རྗེན་མས་ལམ་ཕྲན་བརྒལ་དུས།།

ཁྱོད་ཀྱིས་མིག་ཆུས་གདོང་གི་འཛུམ་མདངས་བརླན་འདུག།

དབྱངས་ཀྱི་གདངས་ལ་རེས་སྐྱིད་རེས་སྡུག་ཕབ་ནས།།

འཇིག་རྟེན་སྣང་བ་ཆུ་ཡིས་གཙང་ཁྲུས་བྱེད་སྐབས།།

ལུས་ཀྱི་ལ་མོ་རྔུལ་ཆུས་འདམ་ལ་བསྒྱུར་ཡང༌།།

ཕ་རོལ་རང་བྱུང་ཁྱོད་ཀྱི་ལང་ཚོའི་མེ་ཏོག།

དཔྱིད་ཀྱི་མྱུ་གུ་ཁྱོད་ཀྱི་མགྲིན་པས་སྒུལ་བྱུང༌།།

དབྱར་གྱི་ཚ་བ་ཆར་བས་བསིལ་བསིལ་བྱས་ཀྱང༌།།

སྟོན་གྱི་ལྷ་མོ་མི་ཡུལ་ཡོང་བ་ཡིན་ནམ།།

དགུན་གྱི་ཁ་བ་གྲང་བས་བཙོན་ལ་བཟུང་སོང༌།།

ས་ལའི་སྨན་ལྗོངས་གཡུ་ཡི་མདོག་གིས་བྱུགས་ཀྱང༌།།

སྤྲིན་པའི་མིག་ཆུ་ཐང་ལ་ལྷུང་བའི་ཉིན་མོ།།

ལྗོན་པའི་ལོ་མ་རླུང་ལ་སྤུར་བའི་དུས་སུ།།

ཁྱོད་ཀྱི་འཚབ་དུ་ང་ཡིས་སུ་ཞིག་དྲན་ཆོག།

ཕྱིར་མིག་ལྟ་བ་གྱེས་པའི་བདེ་མོ་ཡིན་ཚེ།།

ལག་ཟུང་གཡུག་པ་གཏན་དུ་འཕྲད་པ་མེད་ན།།

སེམས་ཀྱི་གསང་བའི་སྦུབས་སུ་ཡལ་རྒྱུ་མེད་པ།།

ཕྱིར་དྲན་དུས་ཀྱི་བུ་མོ་གངས་དཀར་སྒྲོལ་མ།།

གངས་ཀྱི་རི་ལ་གུས་ཕྱག་ལན་གསུམ་ཕུལ་ནས།།

གངས་སེང་དཀར་མོའི་གཏམ་རྒྱུད་ཁྱོད་ལ་བསྐུར་ཡོད།།

གངས་ཀྱི་ཕ་རོལ་སེམས་ཀྱིས་བཞེངས་བསྐྲུན་བྱེད་ཀྱིན།།

གངས་ཀྱི་གཙང་བོས་སྐོམ་པ་སེལ་ཙམ་བྱས་ཡོད།།

         སྤྱི་ལོ༢༠༠༩ལོའི་ཟླ༡༡བའི་ཚེས༢༨ཉིན་ཕ་ཡུལ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཞས་ལ་གཞས་ཤིག་སྡེབ་ན།

2010-06-21 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།