ཨ་ཅེ་འབྲོག་མོ།(ཚན་པ་གཉིས།)

ཁྱུང་སྲས་ཚེ་རིང་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-21

                                              ________ཚིག་སྨན་བླ་སྐྱབས་དང་དབྱངས་ཆོས་རྒྱ་མཚོས་བརྩམས་པའི་སྒྲོན་པེའི་གླུ་གཞས་ཨ་ཅེ་འབྲོག་མོ་ཞེས་པར་ཉན་རྗེས།  
                ༼ ཨ་ཅེ་འབྲོག་མོ།
རྫ་ཐང་གི་སྨུག་ཞགས་རླུང་བུས་ཁུར་ཅིང༌།
ལྗོན་གསེབ་ཀྱི་བྱ་ཚོགས་ལུག་ཁྱུས་དཀྲོགས་སོང༌།
དྭངས་གཙང་ཤག་སྒྲར་སྙན་པའི་ཆུ་འགྲམ་ན།
ཨ་ཅེ་འབྲོག་མོ། ཞེ་འདང་གི་ལ་གཞས་སྤྲིན་ལ་བསྐུར་ཏེ།
ལན་བུས་གདོང་ཕྱེད་བཀབ་པའི་བསམ་གཞིག་ལས།
མཛའ་མཐུན་གྱི་ས་བོན་སྦྲ་ནག་དེར་ཤོར་སོང་།

ནམ་མཁའ་གོས་སུ་གྱོན་པའི་མཐའ་ཡས་པའི་སྤང་ལྗོངས།
སྤྲིན་དཀར་གདན་དུ་བཏིང་བའི་རི་ཚོགས་ཀྱི་བརྗིད་ཉམས།
ཡོད་ཚད་རང་ལ་དབང་བའི་ཕུགས་བསམ་གྱི་ཞིང་ཁམས་ཡིན་ན་བསམ།
ཨ་ཅེ་འབྲོག་མོ། བདེ་སྡུག་སྐྱ་མར་བསྡེབས་པའི་འཁོར་བ་ནས།
མཛའ་བོའི་འདང་བརྩེ་ལས་བལྟམས་པའི་བུ་ཆུང་ཞིག་མཁོ་ཨང༌།

ཨ་ཅེ་འབྲོག་མོ། ཡ་ཆུང་གི་སྙིང་གཏམ་ཟོ་བར་བཅུས་ནས།
ཆུ་འགྲམ་གྱི་བྲག་རྡོ་ལས་རྒྱབ་ལ་ཁུར་བའི་སྐད་ཅིག་མར།
སྣང་ཚུལ་མཐའ་དག་གཏམ་རྒྱུད་དུ་གྱུར་ཞིང༌།
རེ་བ་ཡོད་རྒུ་སྟོང་བསམ་གྱི་འགྱུར་ཁུགས་ལ་ཐིམ་པས།
ཨ་ཅེ་འབྲོག་མོ། ལང་ཚོའི་མེ་ལྕེ་གྲང་བས་མནན་ཟིན།

                    ༼ ཨ་ཅེ་སྒྲོན་པེ།
གནས་འགྲོ་མའི་གླུ་གཞས་དབྱངས་ལ་གྱེར་བའི་འགྱུར་ཁུགས་ལས།
འཁོར་བའི་གཏིང་ཟབ་ན་འཕྱོ་བའི་བདེ་སྡུག་གི་རྦ་རླབས་འཕྱུར་སོང༌།
ཨ་ཅེ་སྒྲོན་པེ། ཁ་བ་རི་བའི་འཁོར་འདས་མཐའ་དག་ངག་ལ་དྲངས་ནས།
མཚམས་ཆད་མེད་པར་འགྱུར་ཁུགས་ཀྱི་མཐོ་སར་སྐྱོད་དང༌།
མ་སྐད་ཀྱི་བསུང་ངད་ཞིམ་པོ།
ནམ་ཡང་དབྱངས་རྟ་དང་སྒྱུ་རྩལ་གྱི་ཚེ་སྲོག་ལ་དབང་ངེས།

ཨ་ཅེ་སྒྲོན་པེ།  རྒྱ་མཚོ་དང་རི་བོའི་ཕ་མཐའ་བརྒལ་ནས།
འབྲོག་ཕྲུག་དང་འབྲོག་རྒན་མཐའ་དག
ཨ་ཅེ་འབྲོག་མོའི་སྙན་འགྱུར་གྱི་རྒྱ་ལ་བཟུང་འདུག
ཨ་ཅེ་སྒྲོན་པེ། ལྷོད་པ་མ་གནང༌། 
                                  ༢༠༠༨. ༢. ༣ ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཅེ་འབྲོག་མོ།(ཚན་པ་གཉིས།)

2010-06-21 ཁྱུང་སྲས་ཚེ་རིང་རྡོ་རྗེ། ཀློག་གྲངས། མཆན ཡོད།

                                              ________ཚིག་སྨན་བླ་སྐྱབས་དང་དབྱངས་ཆོས་རྒྱ་མཚོས་བརྩམས་པའི་སྒྲོན་པེའི་གླུ་གཞས་ཨ་ཅེ་འབྲོག་མོ་ཞེས་པར་ཉན་རྗེས།  
                ༼ ཨ་ཅེ་འབྲོག་མོ།
རྫ་ཐང་གི་སྨུག་ཞགས་རླུང་བུས་ཁུར་ཅིང༌།
ལྗོན་གསེབ་ཀྱི་བྱ་ཚོགས་ལུག་ཁྱུས་དཀྲོགས་སོང༌།
དྭངས་གཙང་ཤག་སྒྲར་སྙན་པའི་ཆུ་འགྲམ་ན།
ཨ་ཅེ་འབྲོག་མོ། ཞེ་འདང་གི་ལ་གཞས་སྤྲིན་ལ་བསྐུར་ཏེ།
ལན་བུས་གདོང་ཕྱེད་བཀབ་པའི་བསམ་གཞིག་ལས།
མཛའ་མཐུན་གྱི་ས་བོན་སྦྲ་ནག་དེར་ཤོར་སོང་།

ནམ་མཁའ་གོས་སུ་གྱོན་པའི་མཐའ་ཡས་པའི་སྤང་ལྗོངས།
སྤྲིན་དཀར་གདན་དུ་བཏིང་བའི་རི་ཚོགས་ཀྱི་བརྗིད་ཉམས།
ཡོད་ཚད་རང་ལ་དབང་བའི་ཕུགས་བསམ་གྱི་ཞིང་ཁམས་ཡིན་ན་བསམ།
ཨ་ཅེ་འབྲོག་མོ། བདེ་སྡུག་སྐྱ་མར་བསྡེབས་པའི་འཁོར་བ་ནས།
མཛའ་བོའི་འདང་བརྩེ་ལས་བལྟམས་པའི་བུ་ཆུང་ཞིག་མཁོ་ཨང༌།

ཨ་ཅེ་འབྲོག་མོ། ཡ་ཆུང་གི་སྙིང་གཏམ་ཟོ་བར་བཅུས་ནས།
ཆུ་འགྲམ་གྱི་བྲག་རྡོ་ལས་རྒྱབ་ལ་ཁུར་བའི་སྐད་ཅིག་མར།
སྣང་ཚུལ་མཐའ་དག་གཏམ་རྒྱུད་དུ་གྱུར་ཞིང༌།
རེ་བ་ཡོད་རྒུ་སྟོང་བསམ་གྱི་འགྱུར་ཁུགས་ལ་ཐིམ་པས།
ཨ་ཅེ་འབྲོག་མོ། ལང་ཚོའི་མེ་ལྕེ་གྲང་བས་མནན་ཟིན།

                    ༼ ཨ་ཅེ་སྒྲོན་པེ།
གནས་འགྲོ་མའི་གླུ་གཞས་དབྱངས་ལ་གྱེར་བའི་འགྱུར་ཁུགས་ལས།
འཁོར་བའི་གཏིང་ཟབ་ན་འཕྱོ་བའི་བདེ་སྡུག་གི་རྦ་རླབས་འཕྱུར་སོང༌།
ཨ་ཅེ་སྒྲོན་པེ། ཁ་བ་རི་བའི་འཁོར་འདས་མཐའ་དག་ངག་ལ་དྲངས་ནས།
མཚམས་ཆད་མེད་པར་འགྱུར་ཁུགས་ཀྱི་མཐོ་སར་སྐྱོད་དང༌།
མ་སྐད་ཀྱི་བསུང་ངད་ཞིམ་པོ།
ནམ་ཡང་དབྱངས་རྟ་དང་སྒྱུ་རྩལ་གྱི་ཚེ་སྲོག་ལ་དབང་ངེས།

ཨ་ཅེ་སྒྲོན་པེ།  རྒྱ་མཚོ་དང་རི་བོའི་ཕ་མཐའ་བརྒལ་ནས།
འབྲོག་ཕྲུག་དང་འབྲོག་རྒན་མཐའ་དག
ཨ་ཅེ་འབྲོག་མོའི་སྙན་འགྱུར་གྱི་རྒྱ་ལ་བཟུང་འདུག
ཨ་ཅེ་སྒྲོན་པེ། ལྷོད་པ་མ་གནང༌། 
                                  ༢༠༠༨. ༢. ༣ ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།