ཁ་བར་སྒུག་པ།

བྱ་གཞུང་གངས་ཉུལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-20

ངས་རྟ་ཁ་གློད་ནས་ཁ་བར་སྒུག་ཐེངས་རེར།
གནམ་རྒན་མ་ང་ལ་གད་མོ་འཆོར་གྱིན་འདུག
སྤྲིན་པ་ནག་པོ་ཞིག་བུ་རམ་བཞིན་སྟོན་ལ།
རླུང་བུ་བསིལ་མོ་ཞིག་སྙིང་གཏམ་ལྟར་སྐུར་ཡང་།
ཆེས་མཐའ་མཇུག་གི་ཚིགས་མལ་དེར།
ང་ལ་བསྐྱུར་འགྲོ་བ་རེ་འབྲས་མ་སྨིན་པའི་དཔྱིད་རླུང་ཁོ་ན་ཡིན།
ས་ནག་གི་ཕྱི་ཤུན་བཀོག་ནས་ལྗང་མྱུག་རེ་བཙལ་ཡང་།
ཁ་བས་འཁྲེང་ཞེན་ཙམ་ཡང་བཞག་མི་འདུག་ལ།
ལང་ལོང་གི་བྱེ་རྡུལ་ཁྲོད་རྩངས་ག་པས་ལྟོ་བ་འདྲུད་ཀྱིན།
ཚ་གདུག་ལ་སྡང་མིག་འཕེན་པའི་ངང་ཚུལ་སྟོན་པ།
སུ་ཞིག་གིས་འཆི་བདག་ལ་སྒུག་པའི་སང་ཉིན་བཞིན།
སྦྲ་རྒན་དུ་བ་ཅན་དེས་གེ་སེར་སྒྲུང་ལ་སྒུག་འདུག་ཅིང་།
བུ་མོ་དུངས་པ་ཅན་དེས་སྟག་ཤར་གྱི་བཞུད་ལམ་ལ་ཅེར་བསྡད་ལ།
ངས་ནི་ཐ་མག་གི་ཚེ་སྲོག་མེ་ལ་སྒྲོན་གྱིན།
སང་ཉིན་གྱི་ཁ་བར་སྒུག
རེ་སྒུག་ནི་སྡུག་བསྔལ་རེད་བཞག
ས་གཞིས་སྡུག་བསྔལ་གྱེར་བཞིན་འདུག
སྡུག་བསྔལ་ཡང་ན་ཟུག་རེད་བཞག
སྦྲ་ནག་ལ་ན་ཟུག་འབྱུང་གིན་འདུག
སྔོ་མ་རྒྱས་པའི་འཇག་རྩ་ཕོན་པོས།
རྩྭ་ཐང་གི་ཤུགས་གླུ་དབྱངས་སུ་བསྡེབས་ནས།
ཁ་སང་འཚོལ་བཞིན་འདུག
སང་ཉིན་ཡང་སྒུག་འདུག
ངས་རྟ་ཁ་གློད་ནས་ཁ་བར་སྒུག་ཐེངས་རེར།
གནམ་རྒན་མ་ང་ལ་གད་མོ་འཆོར་གྱིན་འདུག
ཁ་བ་དཀར་བོ་ཞིག་བྱ་སྤུ་བཞིན་སྤུར་ལ།
སྤང་ཐང་ཡངས་པོ་ཞིག་ཚོན་རིས་བཞིན་སྟོན།
ཆེས་མཐའ་མཇུག་གི་མཚན་ལྗོངས་དེར།
ང་ལ་ཐེམ་སྲིད་པ་མུན་པ་ཁུར་བའི་ཟླ་བ་གཅིག་པུ་ཡིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བར་སྒུག་པ།

2010-06-20 བྱ་གཞུང་གངས་ཉུལ། ཀློག་གྲངས། མཆན ཡོད།

ངས་རྟ་ཁ་གློད་ནས་ཁ་བར་སྒུག་ཐེངས་རེར།
གནམ་རྒན་མ་ང་ལ་གད་མོ་འཆོར་གྱིན་འདུག
སྤྲིན་པ་ནག་པོ་ཞིག་བུ་རམ་བཞིན་སྟོན་ལ།
རླུང་བུ་བསིལ་མོ་ཞིག་སྙིང་གཏམ་ལྟར་སྐུར་ཡང་།
ཆེས་མཐའ་མཇུག་གི་ཚིགས་མལ་དེར།
ང་ལ་བསྐྱུར་འགྲོ་བ་རེ་འབྲས་མ་སྨིན་པའི་དཔྱིད་རླུང་ཁོ་ན་ཡིན།
ས་ནག་གི་ཕྱི་ཤུན་བཀོག་ནས་ལྗང་མྱུག་རེ་བཙལ་ཡང་།
ཁ་བས་འཁྲེང་ཞེན་ཙམ་ཡང་བཞག་མི་འདུག་ལ།
ལང་ལོང་གི་བྱེ་རྡུལ་ཁྲོད་རྩངས་ག་པས་ལྟོ་བ་འདྲུད་ཀྱིན།
ཚ་གདུག་ལ་སྡང་མིག་འཕེན་པའི་ངང་ཚུལ་སྟོན་པ།
སུ་ཞིག་གིས་འཆི་བདག་ལ་སྒུག་པའི་སང་ཉིན་བཞིན།
སྦྲ་རྒན་དུ་བ་ཅན་དེས་གེ་སེར་སྒྲུང་ལ་སྒུག་འདུག་ཅིང་།
བུ་མོ་དུངས་པ་ཅན་དེས་སྟག་ཤར་གྱི་བཞུད་ལམ་ལ་ཅེར་བསྡད་ལ།
ངས་ནི་ཐ་མག་གི་ཚེ་སྲོག་མེ་ལ་སྒྲོན་གྱིན།
སང་ཉིན་གྱི་ཁ་བར་སྒུག
རེ་སྒུག་ནི་སྡུག་བསྔལ་རེད་བཞག
ས་གཞིས་སྡུག་བསྔལ་གྱེར་བཞིན་འདུག
སྡུག་བསྔལ་ཡང་ན་ཟུག་རེད་བཞག
སྦྲ་ནག་ལ་ན་ཟུག་འབྱུང་གིན་འདུག
སྔོ་མ་རྒྱས་པའི་འཇག་རྩ་ཕོན་པོས།
རྩྭ་ཐང་གི་ཤུགས་གླུ་དབྱངས་སུ་བསྡེབས་ནས།
ཁ་སང་འཚོལ་བཞིན་འདུག
སང་ཉིན་ཡང་སྒུག་འདུག
ངས་རྟ་ཁ་གློད་ནས་ཁ་བར་སྒུག་ཐེངས་རེར།
གནམ་རྒན་མ་ང་ལ་གད་མོ་འཆོར་གྱིན་འདུག
ཁ་བ་དཀར་བོ་ཞིག་བྱ་སྤུ་བཞིན་སྤུར་ལ།
སྤང་ཐང་ཡངས་པོ་ཞིག་ཚོན་རིས་བཞིན་སྟོན།
ཆེས་མཐའ་མཇུག་གི་མཚན་ལྗོངས་དེར།
ང་ལ་ཐེམ་སྲིད་པ་མུན་པ་ཁུར་བའི་ཟླ་བ་གཅིག་པུ་ཡིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།