ཟླ་འོད་འོག་ཏུ་ཁེར་རྐྱང་དུ་བགྲེང་བ། (ཞར་བཀོད་གཅིག)

 

ཉ་གང་ཟླ་བའི་ལང་ཚོའི་མཛེས་པ་སྨིན་དྲུག་སྐར་མའི་ཕྲ་རྒྱན་ཅིང་།།
སྤྲིན་དཀར་གསར་བའི་བརྩེ་ཞེན་ཞུགས་ནས་ན་ཆུང་བུ་མོའི་ལང་ཚོ་འདྲ།།
དཔྱིད་རླུང་འཇམ་པའི་ཨ་གར་ལྗོན་པ་ཡང་ཡང་རེག་པའི་གཡོ་བ་ལས།།
ཟླ་འོད་འོག་གི་མི་རྐྱང་ཞིག་གི་བརྩེ་བའི་ནང་ཁོག་ཡང་ཡང་དཀྲུགས།།

དྲན་པ་ཞིག་གི་སེམས་པ་བསློག་ནས་ཕྱི་རོལ་ཉུལ་བའི་གཟུགས་ཕུང་འདི།།
ཐོལ་ཡོལ་བཞིན་དུ་མཚན་ངོགས་འདི་ན་ཟླ་བ་བལྟ་བཞིན་གཅིག་པུ་བགྲེང།།
ལྟ་བཞིན་བལྟ་བཞིན་ཟླ་བ་བལྟ་བཞིན་ཟླ་བ་ལྷ་མོའི་འཛུམ་ལ་བལྟས།།
འཆར་བཞིན་འཆར་བཞིན་ཡིད་ལ་འཆར་བ་སྒྱུ་མའི་གཟུགས་ལས་ཁྱོད་མ་སྣང་།།

ལང་ཚོ་རི་མོ་ཟླ་ལ་འཁྲུལ་བཞིན་འཁྲུལ་སྣང་གར་ཀྱི་སྟེགས་བུ་རུ།།
རྣམ་ཤེས་མེད་པའི་གླུ་བར་གྱུར་ནས་ཚངས་དབྱངས་མགུར་མའི་གདངས་ལ་ཆས།།
མིག་ཟུང་རྣོ་མདའ་གཅིག་ལ་གཏད་ནས་རྒྱང་རིང་འཇལ་བའི་སྡེ་མཐའ་ན།།
བསམ་གཞིགས་སྟོང་གི་གཟེད་དུ་ཚུབ་ནས་ཁྱོད་ཀྱིས་ང་རང་དམ་དུ་བཅུག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་འོད་འོག་ཏུ་ཁེར་རྐྱང་དུ་བགྲེང་བ། (ཞར་བཀོད་གཅིག)

2010-06-20 གླིང་སྙན་གྲགས། ཀློག་གྲངས། མཆན ཡོད།

 

ཉ་གང་ཟླ་བའི་ལང་ཚོའི་མཛེས་པ་སྨིན་དྲུག་སྐར་མའི་ཕྲ་རྒྱན་ཅིང་།།
སྤྲིན་དཀར་གསར་བའི་བརྩེ་ཞེན་ཞུགས་ནས་ན་ཆུང་བུ་མོའི་ལང་ཚོ་འདྲ།།
དཔྱིད་རླུང་འཇམ་པའི་ཨ་གར་ལྗོན་པ་ཡང་ཡང་རེག་པའི་གཡོ་བ་ལས།།
ཟླ་འོད་འོག་གི་མི་རྐྱང་ཞིག་གི་བརྩེ་བའི་ནང་ཁོག་ཡང་ཡང་དཀྲུགས།།

དྲན་པ་ཞིག་གི་སེམས་པ་བསློག་ནས་ཕྱི་རོལ་ཉུལ་བའི་གཟུགས་ཕུང་འདི།།
ཐོལ་ཡོལ་བཞིན་དུ་མཚན་ངོགས་འདི་ན་ཟླ་བ་བལྟ་བཞིན་གཅིག་པུ་བགྲེང།།
ལྟ་བཞིན་བལྟ་བཞིན་ཟླ་བ་བལྟ་བཞིན་ཟླ་བ་ལྷ་མོའི་འཛུམ་ལ་བལྟས།།
འཆར་བཞིན་འཆར་བཞིན་ཡིད་ལ་འཆར་བ་སྒྱུ་མའི་གཟུགས་ལས་ཁྱོད་མ་སྣང་།།

ལང་ཚོ་རི་མོ་ཟླ་ལ་འཁྲུལ་བཞིན་འཁྲུལ་སྣང་གར་ཀྱི་སྟེགས་བུ་རུ།།
རྣམ་ཤེས་མེད་པའི་གླུ་བར་གྱུར་ནས་ཚངས་དབྱངས་མགུར་མའི་གདངས་ལ་ཆས།།
མིག་ཟུང་རྣོ་མདའ་གཅིག་ལ་གཏད་ནས་རྒྱང་རིང་འཇལ་བའི་སྡེ་མཐའ་ན།།
བསམ་གཞིགས་སྟོང་གི་གཟེད་དུ་ཚུབ་ནས་ཁྱོད་ཀྱིས་ང་རང་དམ་དུ་བཅུག།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།