སྐྱིད་ཆུའི་འགྲམ་གྱི་རེ་སྨོན།

སྨྱུག་སོན་ནོར་སངས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-18

སྐྱིད་ཆུའི་སྔོན་མོའི་བཞུར་རྒྱུན་ནི
ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བསྐུལ་བ་བཞིན
དུས་རབས་ཀྱི་གླུ་སྒྲ་སྙན་མོའི་འགྱུར་ཁུག་ཁྲོད
བར་མཚམས་མེད་པར་བཞུར་གྱིན་འདུག
ང་དང་སྙན་ངག་བུ་མོའི་བརྩེ་བ་ཡི་གླེང་མོལ་ཡང
སྐྱིད་ཆུའི་བཞུར་སྒྲའི་འགྱུར་ཁུག་དང་ལྷན་དུ
བར་མེད་དུ་མཁའ་ལ་འཕྱོ
སྐབས་དེ་དུས
འུ་གཉིས་ཀྱིས་གླེང་བའི་སྙིང་གཏམ་དག
བརྩེ་དུང་གི་ལྗང་ཆུང་གསོ་བའི
ཆུ་ཀླུང་དྭངས་མོ་ཡིན་པར་ཁོ་བོས་ཡིད་ཆེས་བྱེད
སྐྱིད་ཆུའི་རླབས་ཀྱི་ཟེགས་མ་རེ་རེ་མཁའ་ལ་འཐོར་དུས
ངའི་དམར་ཆུང་གི་སྙིང་ཁམས་དེ་ཡང
བརྗོད་འདོད་པའི་སྙིང་གཏམ་དྲོན་མོས
རམ་འདེགས་ཀྱི་གྲོགས་སུ་བཀུགས་ནས
ཡང་ཡང་དུ་འཕར་ལྡིང་བྱེད
སེམས་ཁོང་ནས་བརྡོལ་བའི་གདུང་སེམས་ཀྱི་གླུ་ཆུང
ནམ་ཡང་ཤང་ཤང་་དུ་རྒྱུགས་པའི་སྐྱིད་ཆུའི་རླབས་སྒྲ་དེ་ཡིན་པར་སྨོན
དེ་ལྟར
ངས་བསམ་གཞིགས་མང་པོའི་བར་མཚམས་ནས
ཁྱེད་ཉིད་ངའི་སྙན་ངག་གི་བརྗོད་བྱ་རུ་འདོད་ལ
ང་ལ་གདུང་སེམས་མཉམ་སྐྱེ་བྱེད་པའིསྙན་ངག་གི་བུ་མོ་དེ་
དེ་བས་བྱེད་འདོད
ངའི་སྙན་ངག་གི་བུ་མོ་ལགས

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐྱིད་ཆུའི་འགྲམ་གྱི་རེ་སྨོན།

2010-06-18 སྨྱུག་སོན་ནོར་སངས། ཀློག་གྲངས། མཆན ཡོད།

སྐྱིད་ཆུའི་སྔོན་མོའི་བཞུར་རྒྱུན་ནི
ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་བསྐུལ་བ་བཞིན
དུས་རབས་ཀྱི་གླུ་སྒྲ་སྙན་མོའི་འགྱུར་ཁུག་ཁྲོད
བར་མཚམས་མེད་པར་བཞུར་གྱིན་འདུག
ང་དང་སྙན་ངག་བུ་མོའི་བརྩེ་བ་ཡི་གླེང་མོལ་ཡང
སྐྱིད་ཆུའི་བཞུར་སྒྲའི་འགྱུར་ཁུག་དང་ལྷན་དུ
བར་མེད་དུ་མཁའ་ལ་འཕྱོ
སྐབས་དེ་དུས
འུ་གཉིས་ཀྱིས་གླེང་བའི་སྙིང་གཏམ་དག
བརྩེ་དུང་གི་ལྗང་ཆུང་གསོ་བའི
ཆུ་ཀླུང་དྭངས་མོ་ཡིན་པར་ཁོ་བོས་ཡིད་ཆེས་བྱེད
སྐྱིད་ཆུའི་རླབས་ཀྱི་ཟེགས་མ་རེ་རེ་མཁའ་ལ་འཐོར་དུས
ངའི་དམར་ཆུང་གི་སྙིང་ཁམས་དེ་ཡང
བརྗོད་འདོད་པའི་སྙིང་གཏམ་དྲོན་མོས
རམ་འདེགས་ཀྱི་གྲོགས་སུ་བཀུགས་ནས
ཡང་ཡང་དུ་འཕར་ལྡིང་བྱེད
སེམས་ཁོང་ནས་བརྡོལ་བའི་གདུང་སེམས་ཀྱི་གླུ་ཆུང
ནམ་ཡང་ཤང་ཤང་་དུ་རྒྱུགས་པའི་སྐྱིད་ཆུའི་རླབས་སྒྲ་དེ་ཡིན་པར་སྨོན
དེ་ལྟར
ངས་བསམ་གཞིགས་མང་པོའི་བར་མཚམས་ནས
ཁྱེད་ཉིད་ངའི་སྙན་ངག་གི་བརྗོད་བྱ་རུ་འདོད་ལ
ང་ལ་གདུང་སེམས་མཉམ་སྐྱེ་བྱེད་པའིསྙན་ངག་གི་བུ་མོ་དེ་
དེ་བས་བྱེད་འདོད
ངའི་སྙན་ངག་གི་བུ་མོ་ལགས

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།