བོད་མིའི་ཁྲོམ།

རིག་སྨོན་སངས་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-06-14

བོད་མིའི་ཁྲོམ་ན  མི་ཚོགས་ཀྱིས་འདུ་ལོང་རྒོད་པའི་བོད་མིའི་ཁྲོམ་ན
གཅེར་བུར་བུད་པའི་ལང་ཚོ་ནི་བོད་མིའི་ཁྲོམ་གྱི་མཛེས་སྡུག་རེད
ཁོ་ཚོས་འཛུམ་མདངས་དང་བཅས་ཨག་སྐད་རྒྱག་པ་ནི
ཁོ་ཚོར་མཚོན་ན་ཤོག་སྒོར་ལ་ལག་གཡུག་བྱེད་པའི་ཆེད་དུ་ཡིན་ལ
ཤོག་སྒོར་ལ་ལག་གཡུག་བྱེད་པ་ནི་ཚོང་ལས་དོན་དུ་གཉེར་ཆེད་རེད

ཡིན་ནའང  བོད་མིའི་ཁྲོམ་ནི་བོད་མིའི་ཁྲོམ་རེད
སུས་ཀྱང་མཐོང་མི་ཐུབ་པའི་བོད་མིའི་ཁྲོམ་དེ་རེད
བོད་པ་ཚོའི་སེམས་ཁོང་གི་བོད་མིའི་ཁྲོམ་དེ་རེད

ཁ་སང  བན་དེ་གཟན་ཤམ་དམར་བོ་ཅན་ཞིག་གིས
བོད་མིའི་ཁྲོམ་ན་གྲུབ་རྟགས་སྟོན་གྱིན་འདུག་ཟེར
དེ་རིང  སློབ་མ་ཆང་སྐྱ་འགའ་ཡིས
བོད་མིའི་ཁྲོམ་གྱི་མཛེས་སྡུག་འཚོལ་གྱིན་འདུག་ཟེར
སང་ཉིན  ད་དུང

བོད་མིའི་ཁྲོམ་ནི་དྲོད་ཁོལ་དང་ཉི་འོད་ཀྱིས་ཕྱུག་པའི་བོད་མིའི་ཁྲོམ་རེད
འཛུམ་མདངས་ཁོ་ན་ནི་བོད་མིའི་ཁྲོམ་གྱི་མཛེས་སྡུག་དང
ལག་པ་ཁོ་ན་ནི་བོད་མིའི་ཁྲོམ་གྱི་ང་རྒྱལ་རེད
ད་དུང  ཕྱིར་བལྟས་མེད་པའི་དུས་ཚོད་མང་བོའི་བར་གསེང་ན
མོ་མཚན་ཁོ་ནས་བོད་མིའི་ཁྲོམ་གྱི་རླུང་རྟ་ཡར་ལ་བསྟོད་ཀྱིན་འདུག

ཞོགས་པ་ནས་ས་སྲོད་རེ་རེར
མོ་རྐྱང་ལུང་བའི་དྲོད་ཁོལ་ནི་བོད་མིའི་ཁྲོམ་གྱི་ཉི་འོད་རེད
བརྒལ་མི་ཚར་བའི་དག་ཞིང་གི་འཇིག་རྟེན་རེད
རྒྱུ་མཚན་དེའི་དབང་གིས  བོད་མིའ་ཁྲོམ་གྱི་མཛེས་སྡུག 
དགུན་གྱི་གྲང་རླུང་ལྡང་ཡང་སྐམ་མི་སྲིད
དབྱར་གྱི་རླུང་ནག་འཚུབ་ཀྱང་འཁུར་མི་ཐུབ

བོད་མིའི་ཁྲོམ་གྱིས་ས་ཆེན་འདིས་ལྷིང་འཇགས་དཀྲོགས་ཀྱིན་འདུག
ཤོག་སྒོར་དང་ཤོག་སྒོར་གྱི་བརྩེ་འདང་ཀློང་ན
གཅེར་བུར་བུད་པའི་ལང་ཚོ་ནི་ཅི་འདྲའི་སྙིང་དུ་སྡུག
ཁུ་བ་དང་ཁུ་བའི་འོད་སྣང་གིས
བོད་མིའི་ཁྲོམ་གྱི་མཚན་མོ་སྨག་ལ་སྦར་བཞིན་འདུག

བོད་མིའི་ཁྲོམ་ལ་ཉིན་དང་མཚན་མོ་མེད
ཟས་གོས་དང་ལོངས་སྤྱོད་མེད
ཡིན་ཡང  མོ་མཚན་ཁོ་ན་ནི
བོད་མིའི་ཁྲོམ་གྱི་ཉིན་དང་མཚན་མོ་རེད
ཟས་གོས་དང་ལོངས་སྤྱོད་རེད
ད་དུང  ནམ་མཁའ་དང་ས་གཞི་རེད 
                                20081023

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་མིའི་ཁྲོམ།

2010-06-14 རིག་སྨོན་སངས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།