དྲན་སྣང་ཐོར་བུ་མ།

ཆར་ཞིག་བབ་ན་སྒྲོན་མེས་མི་ལྕོག་གི །
རླུང་ཞིག་གཡུག་ན་ལོ་མ་མི་འཐད་ཀི །
མེ་ཏོག་བཏུས་ན་སྤྲང་མས་ལྟས་ལན་རྩོད།།
ཉི་མའི་ཚ་བ་ཀུན་གྱིས་མྱོང་གི་ཡོད།།
 
བ་མའི་ནང་གི་ཆུ་རྒོད་ལྷོག་ལྷོག་གདུ།།
གྲང་ངར་ཆེ་བའི་ཉ་མོ་གྲངས་མེད་འདས།།
ལམ་གྱི་མགྲོན་པོར་རྐུན་མའི་ཉེས་མིང་འདོགས།།
གང་འདོད་བྱས་པས་དམར་པོའི་ཁ་མདོག་འབོད།།
 
གསུང་བས་རྫུན་དེ་གཞན་ལ་བཤད་མི་ཉན།།
ལྕགས་མདའི་རྨ་ཁ་ཡོད་པ་མང་ངོ་ཟེར།།
བདེན་པ་སྒྲིག་ན་གཡས་གཏོར་གཡོན་གཏོར་བྱེད།།
གནས་ལུགས་བཞུར་ན་མྱུར་མོས་བཀག་པར་བྱེད།།
 
ཚེར་མ་སྐྱེས་ནས་ཉིན་མཚན་གྲངས་མེད་ཅིག །
ལུས་ལ་ཟུག་སྟེ་སྙིང་དུ་ཐོན་ལ་ཁད།།
སྒོ་དང་སྒེའུ་ཁུང་གཞན་དུ་ཕྲོད་པ་ཡིས།།
ཁང་བདག་སྙིང་མེད་དེ་ཚོ་སྙིང་རྗེ་ཞིག །
    ༢༠༡༠. ༥. ༢༩. ཉིན་རྨ་ལྷོ་རུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་སྣང་ཐོར་བུ་མ།

2010-06-12 བློ་མིག ཀློག་གྲངས། མཆན ཡོད།

ཆར་ཞིག་བབ་ན་སྒྲོན་མེས་མི་ལྕོག་གི །
རླུང་ཞིག་གཡུག་ན་ལོ་མ་མི་འཐད་ཀི །
མེ་ཏོག་བཏུས་ན་སྤྲང་མས་ལྟས་ལན་རྩོད།།
ཉི་མའི་ཚ་བ་ཀུན་གྱིས་མྱོང་གི་ཡོད།།
 
བ་མའི་ནང་གི་ཆུ་རྒོད་ལྷོག་ལྷོག་གདུ།།
གྲང་ངར་ཆེ་བའི་ཉ་མོ་གྲངས་མེད་འདས།།
ལམ་གྱི་མགྲོན་པོར་རྐུན་མའི་ཉེས་མིང་འདོགས།།
གང་འདོད་བྱས་པས་དམར་པོའི་ཁ་མདོག་འབོད།།
 
གསུང་བས་རྫུན་དེ་གཞན་ལ་བཤད་མི་ཉན།།
ལྕགས་མདའི་རྨ་ཁ་ཡོད་པ་མང་ངོ་ཟེར།།
བདེན་པ་སྒྲིག་ན་གཡས་གཏོར་གཡོན་གཏོར་བྱེད།།
གནས་ལུགས་བཞུར་ན་མྱུར་མོས་བཀག་པར་བྱེད།།
 
ཚེར་མ་སྐྱེས་ནས་ཉིན་མཚན་གྲངས་མེད་ཅིག །
ལུས་ལ་ཟུག་སྟེ་སྙིང་དུ་ཐོན་ལ་ཁད།།
སྒོ་དང་སྒེའུ་ཁུང་གཞན་དུ་ཕྲོད་པ་ཡིས།།
ཁང་བདག་སྙིང་མེད་དེ་ཚོ་སྙིང་རྗེ་ཞིག །
    ༢༠༡༠. ༥. ༢༩. ཉིན་རྨ་ལྷོ་རུ་བྲིས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།