ཆར་བ་བབས་རྗེས།

མིག་ཆུ་དང་ཀི་སྒྲས་བརླན་པའི་གནའ་གྲོང་དེ་སུས་མགོ་བོ་གློན་ས་ཡིན།
 
ཆར་རླུང་གི་ཁྲོད་ནས་ལམ་ཐག་གོམ་པར་བགྲངས་མཁན་ཨང་།
ཁྱོད་ཀྱིས་ངའི་འདྲི་ཚིག་ལ་ལན་གསལ་བོ་ཞིག་འདེབས་རོགས།
 
ཆར་བ་བབས་པས།  རི་བོའི་ཟོམ་དུ་འབུས་པའི་ལོ་ཟླའི་རྔམ་བརྗིད་གང་དུ་བཞུད་སོང་།
ཤོག་བུའི་སྟེང་དུ་མནན་པའི་དམ་བཅའ། ཟུངས་ཁྲག་གི་གསེབ་ཏུ་བཏབ་པའི་རེ་སྨོན།
ཆར་བ་བབས་རྗེས།  ན་བུན་གྱི་ཡལ་སྟངས་ལ་སེམས་པ་ཤོར་མཁན་དེ་སུ་ཡིན།
 
ཉི་ཟླའི་རྐང་རྗེས་སློག་གིན་པའི་ཁྱོད་ཀྱི་མིག་ཟུང་སྐམ་པོ།
དཔྱིད་ཀྱི་ལང་ཚོས་ས་སྨུག་གི་ཁོང་གསེང་དུ་བཏུམས།
ཀི་སྒྲའི་རྗེས་ཤུལ་དང་ཆར་རླུང་གི་ཨུ་ཚུགས་ཁྲོད་དུ་མགོ་བོ་བསྲིངས་ཏེ།
སྨུག་རྒྱུའི་ཀློང་ནས་བཟི་གཏམ་བོར་མཁན་དེ་སུ་ཡིན་ནམ།  སུ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆར་བ་བབས་རྗེས།

2010-06-09 གནའ་གྲོང་། ཀློག་གྲངས། མཆན ཡོད།

མིག་ཆུ་དང་ཀི་སྒྲས་བརླན་པའི་གནའ་གྲོང་དེ་སུས་མགོ་བོ་གློན་ས་ཡིན།
 
ཆར་རླུང་གི་ཁྲོད་ནས་ལམ་ཐག་གོམ་པར་བགྲངས་མཁན་ཨང་།
ཁྱོད་ཀྱིས་ངའི་འདྲི་ཚིག་ལ་ལན་གསལ་བོ་ཞིག་འདེབས་རོགས།
 
ཆར་བ་བབས་པས།  རི་བོའི་ཟོམ་དུ་འབུས་པའི་ལོ་ཟླའི་རྔམ་བརྗིད་གང་དུ་བཞུད་སོང་།
ཤོག་བུའི་སྟེང་དུ་མནན་པའི་དམ་བཅའ། ཟུངས་ཁྲག་གི་གསེབ་ཏུ་བཏབ་པའི་རེ་སྨོན།
ཆར་བ་བབས་རྗེས།  ན་བུན་གྱི་ཡལ་སྟངས་ལ་སེམས་པ་ཤོར་མཁན་དེ་སུ་ཡིན།
 
ཉི་ཟླའི་རྐང་རྗེས་སློག་གིན་པའི་ཁྱོད་ཀྱི་མིག་ཟུང་སྐམ་པོ།
དཔྱིད་ཀྱི་ལང་ཚོས་ས་སྨུག་གི་ཁོང་གསེང་དུ་བཏུམས།
ཀི་སྒྲའི་རྗེས་ཤུལ་དང་ཆར་རླུང་གི་ཨུ་ཚུགས་ཁྲོད་དུ་མགོ་བོ་བསྲིངས་ཏེ།
སྨུག་རྒྱུའི་ཀློང་ནས་བཟི་གཏམ་བོར་མཁན་དེ་སུ་ཡིན་ནམ།  སུ་ཡིན་ནམ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།