མི་ཡུལ་ལ་དྲངས་པ།

ལྟས་ན་ཡོད་ཡོད་འདྲ་བ་འཇིག་རྟེན་གྱི་ཆོས་ཉིད།།
སྐད་ཅིག་མེད་པར་འགྲོ་བ་འདུས་བྱས་ཀྱི་རང་བཞིན།།
རྒྱུ་ནོར་ལོངས་སྤྱོད་འཛོམ་པའི་ཕྱུག་པོ་ཡི་ལས་ལ།།
ཅུང་མེད་ས་མཐའི་བུ་ལོས་ཡིད་སྨོན་ཞིག་མ་ཤོར།།

ནོར་ལུག་ཚེ་སྲོག་གཅོད་པ་ཁ་ཟས་ཡི་ཆེད་དུ།།
ས་བརྐོ་རྡོ་སློག་བྱེད་པ་འཁོར་བ་ཡི་དགོས་མཁོ།།
མེས་པོའི་རུས་རྐང་འཐོར་བའི་ཁ་བ་ཡི་ལྗོངས་ལ།།
དབང་ཆེན་འབྱུང་བ་ཁྲོས་པའི་ཆད་པ་ཞིག་མ་གཅོད།།

འབངས་ལ་རྫིག་རྫིག་བྱེད་པ་དཔོན་པོ་ཡི་ལུགས་སྲོལ།།
ཤོག་དངུལ་བསླུ་བྲིད་ཉོ་བ་ལས་བྱེད་ཀྱི་རང་གཤིས།།
མགོ་ཉྭ་སྒུར་སྒུར་བྱེད་པའི་མི་སེར་གྱི་ཚོགས་ལ།།
མི་འདོད་དམྱལ་བ་ལྟ་བུའི་མནར་གཅོད་ཞིག་མ་བཏང་།།

མ་སློབ་མཁས་པ་མེད་པ་རྐང་གཉིས་ཀྱི་རང་གཤིས།།
སློབ་ན་མི་ཤེས་མེད་པ་གང་ཟག་གི་ཁྱད་ཆོས།།
སློབ་གྲྭ་ཆེ་འབྲིང་འགྲིམ་པའི་ཤེས་ལྡན་པའི་ཚོགས་ཀྱིས།།
འབྲོག་པ་ཡིག་རྨོངས་ཟེར་བའི་ཁ་སྣ་ཞིག་མ་གཉེར།།

                                      ----2010.5.19ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཡུལ་ལ་དྲངས་པ།

2010-06-04 སྨག་འཇོམས། ཀློག་གྲངས། མཆན ཡོད།

ལྟས་ན་ཡོད་ཡོད་འདྲ་བ་འཇིག་རྟེན་གྱི་ཆོས་ཉིད།།
སྐད་ཅིག་མེད་པར་འགྲོ་བ་འདུས་བྱས་ཀྱི་རང་བཞིན།།
རྒྱུ་ནོར་ལོངས་སྤྱོད་འཛོམ་པའི་ཕྱུག་པོ་ཡི་ལས་ལ།།
ཅུང་མེད་ས་མཐའི་བུ་ལོས་ཡིད་སྨོན་ཞིག་མ་ཤོར།།

ནོར་ལུག་ཚེ་སྲོག་གཅོད་པ་ཁ་ཟས་ཡི་ཆེད་དུ།།
ས་བརྐོ་རྡོ་སློག་བྱེད་པ་འཁོར་བ་ཡི་དགོས་མཁོ།།
མེས་པོའི་རུས་རྐང་འཐོར་བའི་ཁ་བ་ཡི་ལྗོངས་ལ།།
དབང་ཆེན་འབྱུང་བ་ཁྲོས་པའི་ཆད་པ་ཞིག་མ་གཅོད།།

འབངས་ལ་རྫིག་རྫིག་བྱེད་པ་དཔོན་པོ་ཡི་ལུགས་སྲོལ།།
ཤོག་དངུལ་བསླུ་བྲིད་ཉོ་བ་ལས་བྱེད་ཀྱི་རང་གཤིས།།
མགོ་ཉྭ་སྒུར་སྒུར་བྱེད་པའི་མི་སེར་གྱི་ཚོགས་ལ།།
མི་འདོད་དམྱལ་བ་ལྟ་བུའི་མནར་གཅོད་ཞིག་མ་བཏང་།།

མ་སློབ་མཁས་པ་མེད་པ་རྐང་གཉིས་ཀྱི་རང་གཤིས།།
སློབ་ན་མི་ཤེས་མེད་པ་གང་ཟག་གི་ཁྱད་ཆོས།།
སློབ་གྲྭ་ཆེ་འབྲིང་འགྲིམ་པའི་ཤེས་ལྡན་པའི་ཚོགས་ཀྱིས།།
འབྲོག་པ་ཡིག་རྨོངས་ཟེར་བའི་ཁ་སྣ་ཞིག་མ་གཉེར།།

                                      ----2010.5.19ཉིན།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།