དུས་རབས་འདིར།

དུས་རབས་འདིར་མི་རེ་ལ་ལྟ་བ་རེད།
ལྟ་བ་དེར་སྒེར་གཅོད་ཀྱི་ཁྲིམས་ལུགས་མང༌།
མང་ཚོགས་སོ་སོའི་སེམས་ནང་གི་ཉི་མར་འོད་ཟེར་ཉམས།
སྤྱི་ཚོགས་འདིར་རྗེས་ལུས་ཀྱི་མུན་པ་ད་དུང་འཐིབས།

དུས་རབས་འདིར་མི་རེ་ལ་སྙན་ངག་རེ།
སྙན་ངག་དེས་གཞན་སྐྱོན་ལ་བསྐུར་བ་འདེབས།
ན་ཆུང་སོ་སོའི་སེམས་ནང་གི་དྲང་བདེན་རླུང་གིས་སྤུར།
ཁོར་ཡུག་འདིར་ཕྱོགས་ཞེན་གྱི་མེ་ལྕེ་དགུང་ལ་འཕྱོ།

དུས་རབས་འདིར་མི་རེ་ལ་གོ་གནས་རེ།
གོ་གནས་དེས་བརྩེ་བ་ལ་གཏོར་བརླག་བྱས།
ཕུ་ནུ་སོ་སོའི་སེམས་ནང་གི་ཤ་ཞེན་དེ་རྨང་ནས་བརླག
མི་ཡུལ་འདིར་རང་འདོད་ཀྱི་མེ་ཕུང་ད་དུང་འཕྱིར།

དུས་རབས་འདིར་མི་རེ་ལ་གླུ་གཞས་རེ།
གླུ་གཞས་དེས་མི་རིགས་ལ་འབོད་བརྡ་བཏང༌།
སྒྱུ་རྩལ་བ་སོ་སོའི་སེམས་ནང་གི་ལ་རྒྱ་མིག་ལ་ཞོག
དུས་རབས་འདིར་བག་འཁུམ་གྱི་རྣམ་པ་ཡེ་ནས་མེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དུས་རབས་འདིར།

2010-06-04 བཙན་ཞགས། ཀློག་གྲངས། མཆན ཡོད།

དུས་རབས་འདིར་མི་རེ་ལ་ལྟ་བ་རེད།
ལྟ་བ་དེར་སྒེར་གཅོད་ཀྱི་ཁྲིམས་ལུགས་མང༌།
མང་ཚོགས་སོ་སོའི་སེམས་ནང་གི་ཉི་མར་འོད་ཟེར་ཉམས།
སྤྱི་ཚོགས་འདིར་རྗེས་ལུས་ཀྱི་མུན་པ་ད་དུང་འཐིབས།

དུས་རབས་འདིར་མི་རེ་ལ་སྙན་ངག་རེ།
སྙན་ངག་དེས་གཞན་སྐྱོན་ལ་བསྐུར་བ་འདེབས།
ན་ཆུང་སོ་སོའི་སེམས་ནང་གི་དྲང་བདེན་རླུང་གིས་སྤུར།
ཁོར་ཡུག་འདིར་ཕྱོགས་ཞེན་གྱི་མེ་ལྕེ་དགུང་ལ་འཕྱོ།

དུས་རབས་འདིར་མི་རེ་ལ་གོ་གནས་རེ།
གོ་གནས་དེས་བརྩེ་བ་ལ་གཏོར་བརླག་བྱས།
ཕུ་ནུ་སོ་སོའི་སེམས་ནང་གི་ཤ་ཞེན་དེ་རྨང་ནས་བརླག
མི་ཡུལ་འདིར་རང་འདོད་ཀྱི་མེ་ཕུང་ད་དུང་འཕྱིར།

དུས་རབས་འདིར་མི་རེ་ལ་གླུ་གཞས་རེ།
གླུ་གཞས་དེས་མི་རིགས་ལ་འབོད་བརྡ་བཏང༌།
སྒྱུ་རྩལ་བ་སོ་སོའི་སེམས་ནང་གི་ལ་རྒྱ་མིག་ལ་ཞོག
དུས་རབས་འདིར་བག་འཁུམ་གྱི་རྣམ་པ་ཡེ་ནས་མེད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།