མེས་པོ་ཚོའི་རྣམ་ཤེས་ལ་སེམས་གསོ་ཐེངས་ཤིག་བྱེད་པ།

ཀླུ་སྨྱོན་ཧེ་རུ་ཀ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-30

འདས་པའི་ལོ་རྒྱུས་ཀྱི་ཀློང་དུ།
རི་བོ་སྒང་དྲུག་གི་རྫ་སུལ་ནས།
དབུས་གཙང་རུ་བཞིའི་གཙང་འགྲམ་ནས།
མངའ་རིས་སྐོར་གསུམ་གྱི་གངས་འདབས་ནས
རྣམ་ཤེས་ཁྱུ་གཅིག
འདི་ལྟར་ལམ་ལ་ཆས་བྱུང་ཨང་།

ལོ་རྒྱུས་ཀྱི་འཁོར་འགྲོས་ཧ་ཅང་དལ་ན་ཡང་།
བུ་ཡུག་གི་མཚོན་ཆ་ཇི་ལྟར་རྣོ་ན་ཡང་།
ཁྱེད་ཅག
དལ་འཇགས་ཀྱིས་བཞུད་སོང་།
མུ་མཐའ་མེད་པའི་ལོ་རྒྱུས་ཀྱི་གཏིང་རུམ་དུ་བཞུད་སོང་།
ནམ་ཡང་ཕྱིར་མི་ལོག་པའི་ལོ་རྒྱུས་ཀྱི་ཟབ་ས་ཞིག་ཏུ་བཞུད་སོང་།
བཙལ་ཀྱང་རྙེད་ཐབས་བྲལ་བའི་མུ་མེད་ཀྱི་འཇིག་རྟེན་ཞིག་ཏུ་བཞུད་སོང་།

ལོ་རྒྱུས་ཀྱི་དེབ་ཐེར་རྙིང་ཞིང་ཧྲུལ་ན་ཡང་།
ཁྱེད་ཅག་ངའི་སེམས་ཁོང་ན་སྔར་བཞིན་འོད་དུ་འཚེར་ཞིང་།
མི་རབས་དང་མི་རབས་བརྗེས་ན་ཡང་།
ཁྱེད་ཅག་ངའི་མིག་མཐའ་ན་ཆུ་རུ་འཛུམ་ལ།
ས་མཐའ་ནས་ས་མཐའ་འགྲིམས་ན་ཡང་།
ཁྱེད་ཅག་ངའི་སྨྱུག་རྩེ་ན་ཁྲག་ཏུ་བཞུར།

ལོ་ངོ་སྟོང་ཕྲག་གི་རིང་ལ།
ངའི་མི་རབས་གོང་མ་དག་གིས།
རང་ཉིད་མཐོ་སྒང་འདིའི་བདག་པོ་ཉག་གཅིག་ཡིན་པའི་སྤོབས་སེམས་དང་།
རང་ཉིད་གངས་རི་འདིའི་བུ་རྒྱུད་གཙང་མ་ཡིན་པའི་ང་རྒྱལ་བསྐྱངས་ཏེ།
འབྲོང་རྒོད་ཀྱི་རྭ་རྩེ་ནས་དཔའ་རྒོད་ཀྱི་གཏམ་རྒྱུད་གྱེར་ཅིང་།
རྟ་མཆོག་གི་སྒལ་གཞུང་ནས་དམག་འཁྲུག་གི་རྒྱལ་ཁ་བླངས་མྱོང་།

ངའི་སྙིང་ཉེ་བའི་མེས་པོ་དག
ཆེས་རྒྱང་རིང་གི་དག་ཞིང་ན་བཞུགས་པའི་མེས་པོ་རྣམས།
ངས་ཐེ་ཚོམ་ཅི་ཡང་མེད་པར་བརྗོད་ཐུབ་པ་སྟེ།
ཁྱེད་ཅག་གིས་བཞེངས་པའི་རྡོ་མཁར་དམར་པོ་དེ།
ད་དུང་འཛམ་གླིང་འདིའི་སྤྱི་བོ་ན་གཟི་བརྗིད་ཀྱིས་འགྱིང་ཡོད་ཅིང་།
ཁྱེད་ཅག་གིས་བྲིས་པའི་ལོ་རྒྱུས་བརྗིད་པོ་དེ།
ད་དུང་མི་རབས་འདིའི་སེམས་ཁོང་ན་གཟི་འོད་ཀྱིས་བརྒྱན་བཞིན་ཡོད།

བྲག་རི་བཞིན་བརྩེགས་པའི་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད།
ངའི་མེས་པོ་དག་གི་དཀའ་སྤྱད་ཀྱི་རྔུལ་ཆུ་ཐིམ་ཡོད་ལ།
གཙང་པོ་བཞིན་བཞུར་བའི་ལོ་རྒྱུས་ཀྱི་ཁྲག་རྒྱུན་ཁྲོད།
ངའི་མེས་པོ་དག་གི་རྣམ་ཤེས་ཀྱི་གཟི་འོད་སིམ་ཡོད།

ངས་བློ་ཕམ་ངང་ངོས་ལེན་བྱེད་དགོས་པ་ཞིག་སྟེ།
ཁྱེད་ཅག་གི་ཚ་བོ་ཚ་མོ་དག
ད་ལྟ་རང་ཡུལ་ན་མགོ་འཕངས་དམའ་ཞིང་།
ཁྱེད་ཅག་གི་གདུང་རྒྱུད་སྨུག་པོ་རྣམས། 
ད་ལྟ་གཞན་ཡུལ་ན་འཁྱམ་པོར་གྱུར་ཡོད་ན་ཡང་།
ནམ་ཞིག
ནང་མི་མཉམ་འཛོམ་གྱི་ཉི་མ་དམར་པོ་ཞིག་འཆར་རྒྱུ་ཡོད་ཅེས།
ངས་གདེང་ཚོད་ཀྱིས་ཁས་ལེན་བྱེད་ཐུབ།

ད་ལྟ།
སྦྲ་ནག་དང་གཡག་རྒོད་ཚོ་དུས་རབས་ཀྱིས་བསྐྱུར་ཏེ་ལོ་རྒྱུས་སུ་འགྱུར་བཞིན་པ་དང་།
དར་ལྕོག་དང་རླུང་རྟའི་གཟི་འོད་ཀྱང་གནའ་བོའི་རླུང་བུ་ཡིས་འཛད་བཞིན་ཡོད་ཅིང་།
ད་ལྟ།
མ་ཎིའི་རྡོ་འབུམ་དང་རི་ཁའི་ལབ་ཙེ་དག་ལ་སྔར་མེད་ཀྱི་སྐྱོ་གདུང་སྦྲུམ་ཞིང་།
ཆེས་མཛེས་པའི་སྙན་ངག་དང་གཏམ་རྒྱུད་དག་ལ་ཡང་མུ་མེད་ཀྱི་ས་རྡུལ་འཐོར་ཡོད།

གློག་རྡུལ་གྱི་དུས་རབས་འདིར།
ངའི་མེས་པོ་ཚོའི་གསེར་མདོག་གི་དུར་བྱང་རེ་རེ་མཐོ་སྒང་འདིའི་སྤྱི་གཙུག་ཏུ་བཞེངས་ཡོད་ཅིང་།
ངའི་ཕ་མེས་ཚོའི་འོད་འཚེར་བའི་ཞབས་རྗེས་རེ་རེ་ཡང་གངས་ལྗོངས་འདིའི་སྙིང་ཁ་རུ་དཔར་ཡོད།
ང་རང་འདི་ལྟར་ང་རྒྱལ་དང་སྤོབས་སེམས་ཀྱིས་མྱོས་ཐེངས་རེ་རེར།
ངའི་བྲང་གཞུང་དྲོན་མོ་འདི་ཟུངས་ཁྲག་གིས་བརླན་འགྲོ་ལ།
ང་རང་འདི་ལྟར་གཟི་བརྗིད་དང་ལ་རྒྱ་ཡིས་དགྱེ་ཐེངས་རེ་རེར།
ངའི་སེམས་ཁོང་གྲུ་བཞི་འདི་ཡང་སྙན་ངག་གིས་ཁེངས་འགྲོ
                                                      སྤྱི་ལོ་༢༠༡༢ཟླ་༥ཚེས་༢༨ལ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མེས་པོ་ཚོའི་རྣམ་ཤེས་ལ་སེམས་གསོ་ཐེངས་ཤིག་བྱེད་པ།

2010-05-30 ཀླུ་སྨྱོན་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།