འགྱུར་རྡོ།

ཆེ་ཚང་མ་རྡོ་རྗེ་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-30

རྐང་བ་གཉིས་ཀྱིས་ལེབ་ཀྱི་མཐོང་བའི་འཇིགས་རུང་གི་དུར་ས་མནན་ཏེ།

རོ་སྒམ་དེའི་སྟེང་ནས་གོམ་པ་གང་ཡང་མདུན་ལ་སྤོ་མ་ནུས།

 

ཉི་མ་ཤར་ནས་ནུབ་ལ་བཞུད་པ་ནི་ཁྱོད་ཀྱི་རྒྱང་བཞུད་ཐེངས་གཅིག་གི་གོ་རིམ་ཡིན།

 

མུན་ནག་གིས་ཁྱོད་ཀྱི་ཡུལ་མི་གཉེན་ཉེ་ཐམས་ཅད་རྒྱང་རིང་ལ་སྤུར།

ཁྱོད་རང་ལྗན་ལྗིན་དེའི་ཁྲོད་ནས་ས་ལ་ཡང་དང་ཡང་དུ་འགྱེལ།

 

གཏམ་རྒྱུད་ཧ་ཅང་ཡག་པོ་ཞིག་སྟེ།   ཁྱོད་ཀྱིས།

མགོ་བོ་ཡར་ལ་བཀྱགས་པ་ནི་རི་བོ་ཆེན་པོ་ཞིག་ས་ལ་འགྱེལ་ཚུལ་དང་འདྲ།

 

རེ་སྨོན་ཐམས་ཅད་ལྷ་ཡི་ཡུལ་དུ་བཏབ་པས།

འབྲས་བུ་ཡོད་ཚད་ཀླུ་ཡི་ཁམས་སུ་མི་སྨིན་ཀ་མེད་གྱུར།

 

མི་ཡུལ་ནི་ཁྱོད་ཀྱི་འཇིགས་རུང་གི་དུར་ས་བྱས་ཆོག

ང་ཡང་ཁྱོད་ཀྱི་རོ་སྒམ་དེའི་འགྱུར་རྡོ་བཞིན་ཉི་མའི་རྫི་བོར་གྱུར་ཆོག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འགྱུར་རྡོ།

2010-05-30 ཆེ་ཚང་མ་རྡོ་རྗེ་ཚེ་རིང་། ཀློག་གྲངས། མཆན ཡོད།

རྐང་བ་གཉིས་ཀྱིས་ལེབ་ཀྱི་མཐོང་བའི་འཇིགས་རུང་གི་དུར་ས་མནན་ཏེ།

རོ་སྒམ་དེའི་སྟེང་ནས་གོམ་པ་གང་ཡང་མདུན་ལ་སྤོ་མ་ནུས།

 

ཉི་མ་ཤར་ནས་ནུབ་ལ་བཞུད་པ་ནི་ཁྱོད་ཀྱི་རྒྱང་བཞུད་ཐེངས་གཅིག་གི་གོ་རིམ་ཡིན།

 

མུན་ནག་གིས་ཁྱོད་ཀྱི་ཡུལ་མི་གཉེན་ཉེ་ཐམས་ཅད་རྒྱང་རིང་ལ་སྤུར།

ཁྱོད་རང་ལྗན་ལྗིན་དེའི་ཁྲོད་ནས་ས་ལ་ཡང་དང་ཡང་དུ་འགྱེལ།

 

གཏམ་རྒྱུད་ཧ་ཅང་ཡག་པོ་ཞིག་སྟེ།   ཁྱོད་ཀྱིས།

མགོ་བོ་ཡར་ལ་བཀྱགས་པ་ནི་རི་བོ་ཆེན་པོ་ཞིག་ས་ལ་འགྱེལ་ཚུལ་དང་འདྲ།

 

རེ་སྨོན་ཐམས་ཅད་ལྷ་ཡི་ཡུལ་དུ་བཏབ་པས།

འབྲས་བུ་ཡོད་ཚད་ཀླུ་ཡི་ཁམས་སུ་མི་སྨིན་ཀ་མེད་གྱུར།

 

མི་ཡུལ་ནི་ཁྱོད་ཀྱི་འཇིགས་རུང་གི་དུར་ས་བྱས་ཆོག

ང་ཡང་ཁྱོད་ཀྱི་རོ་སྒམ་དེའི་འགྱུར་རྡོ་བཞིན་ཉི་མའི་རྫི་བོར་གྱུར་ཆོག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།