སྨྲེང་གཞས།

མགོ་ལོག་པ་འཇིགས་བྱེད་ཚེ་རིང༌། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-05-29

སྨིན་ཐང་བུ་མོ་གླེང་བའི་ཁག་བརྒྱད་པ།

སེམས་ཀྱི་རྒྱང་རིང་བྱམས་པ།།
ཐུགས་སེམས་སྐྱོ་སྐྱོ་མ་གནང༌།།
ལོ་ཟླའི་འཁོར་ཕྱོགས་བར་ནས།།
འུ་གཉིས་ལྷན་འཛོམས་བྱུང་ཡོང༌།།
 
གསེར་གྱི་མཛུབ་དཀྲིས་ཆུང་ཆུང༌།།
ཁྱོད་ལ་སྐྱེས་སུ་ཕུལ་ནས།།
ཚེ་གཅིག་ལས་གཅིག་ཞིག་ལ།།
མི་འགྱུར་དམ་བཅའ་བཞག་ཆོག།
 
བརྩེ་དུང་བརྩེ་དུང་ཟེར་ནས།།
ཁྱོད་ལ་མགོ་བསྐོར་མི་གཏོང༌།།
ལྷད་མེད་བརྩེ་དུང་ལྡན་ན།།
མི་ཚེའི་འདུན་མ་འགྲུབ་ཡོང༌།།
 
ཁྱོད་ལ་འཁྲེང་བའི་སེམས་འདི།།
སུ་དང་གང་གིས་མི་ཤེས།།
དུངས་སེམས་གླུ་རུ་ལེན་ཚེ།།
བུ་མོའི་ཡིད་ཆེས་ལོས་བྱེད།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲེང་གཞས།

2010-05-29 མགོ་ལོག་པ་འཇིགས་བྱེད་ཚེ་རིང༌། ཀློག་གྲངས། མཆན ཡོད།

སྨིན་ཐང་བུ་མོ་གླེང་བའི་ཁག་བརྒྱད་པ།

སེམས་ཀྱི་རྒྱང་རིང་བྱམས་པ།།
ཐུགས་སེམས་སྐྱོ་སྐྱོ་མ་གནང༌།།
ལོ་ཟླའི་འཁོར་ཕྱོགས་བར་ནས།།
འུ་གཉིས་ལྷན་འཛོམས་བྱུང་ཡོང༌།།
 
གསེར་གྱི་མཛུབ་དཀྲིས་ཆུང་ཆུང༌།།
ཁྱོད་ལ་སྐྱེས་སུ་ཕུལ་ནས།།
ཚེ་གཅིག་ལས་གཅིག་ཞིག་ལ།།
མི་འགྱུར་དམ་བཅའ་བཞག་ཆོག།
 
བརྩེ་དུང་བརྩེ་དུང་ཟེར་ནས།།
ཁྱོད་ལ་མགོ་བསྐོར་མི་གཏོང༌།།
ལྷད་མེད་བརྩེ་དུང་ལྡན་ན།།
མི་ཚེའི་འདུན་མ་འགྲུབ་ཡོང༌།།
 
ཁྱོད་ལ་འཁྲེང་བའི་སེམས་འདི།།
སུ་དང་གང་གིས་མི་ཤེས།།
དུངས་སེམས་གླུ་རུ་ལེན་ཚེ།།
བུ་མོའི་ཡིད་ཆེས་ལོས་བྱེད།།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།